༢༠༡༣ ཟླ་ ༨ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །གློག་ཀླད་འཕྲུལ་ཆས་ཉེན་སྲུང་ཚན་པ་ཀ་སི་པར་སི་ཀ་ཡིའི་ (Kaspersky Lab) ཉམས་ཞིབ་པ་གཙོ་གྲས་སྐུ་ཞབས་ཀུཏ་བྷོམ་ག་ཊི་ནར་ (Kurt Baumgartner) ལགས་ཀྱིས་དྲ་རྒྱའི་ཐོག་གནས་ཚུལ་བཀོད་དོན་གནང་ཡོད་པའི་ནང། བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ཡིག་དྲ་རྒྱའི་ཐོག་ནད་འབུ་བཏང་སྟེ་རྒྱ་ཡིག་དྲ་རྒྱ་ལྟ་མཁན་ཚོའི་གློག་ཀླད་ལ་འགོག་རྐྱེན་བཟོས་ཡོད། འོན་ཀྱང་རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཀམ་པུ་ཊར་ཚན་པས་ (TCRC) ད་ལྟའི་ཆར་ནད་འབུ་དེ་གཙང་སེལ་བཟོས་ཟིན་པར་བརྟེན་ད་ཆ་དཀའ་ངལ་ལས་གྲོལ་ཐུབ་པ་བྱུང་ཡོད།