༢༠༡༣ ཟླ་ ༨ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ནས་ལ་དྭགས་སུ་ཆིབས་ཞལ་བསྒྱུར་ཁར་བོད་ཀྱི་བདེན་མཐའ་གསལ་ཆེད་ཤེས་རབ་སྙིང་པོ་ཚར་གཉིས་དང་། མ་ཎི་སྟོང་ཕྲག་གཅིག འཕགས་བསྟོད་ཚར་གཅིག་བཅས་རྒྱུན་ཆད་མེད་གསག་དགོས་སྐོར་ལམ་སྟོན་བཀའ་སློབ་ཕེབས་དགོངས་ལྟར། རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་གི་དགེ་འདུན་པ་དྲུག་བརྒྱ་བརྒལ་བ་ཞིག་ནས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ འགོ་འཛུགས་ཀྱིས་ཕྱི་ཟླ་ ༩ ཚེས་ ༤ བར་ཕུར་པའི་བསྙེན་པ་གྲངས་གསོག་གནང་བཞིན་ཡོད་འདུག
དེ་བཞིན་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཚོགས་ཁང་ནང་དུ་ལུགས་བདེ་གཞིས་ཁོངས་གཉིས་ཀྱི་མང་ཚོགས་ནས་མ་ཎི་དུང་སྒྲུབ་གྲངས་གསོག་གནང་བ་དང་ཆབས་ཅིག་ཤེས་རབ་སྙིང་པོ་དང་འཕགས་བསྟོད་གཉིས་བསགས་དང་གསོག་མུས་ཡིན་འདུག
ཕྱོགས་མཚུངས་སྡེ་ར་ལྡུན་ཁུལ་གནས་མང་ཚོགས་རྣམས་ནས་ཀྱང་དེ་ལྟར་གསོག་སྒྲུབ་གནང་བཞིན་ཡོད་འདུག་པ་བཅས། །