༢༠༡༣ ཟླ་ ༨ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཌལ་ཧོར་གཏན་སློབ་ཀྱི་བུའི་ཉལ་ཁང་དོ་དམ་པའི་ས་མིག་སྟོང་པ་ཡོད་ན་ལས་གནས་ཞུགས་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༣༠ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་དགོས་ངེས་ཡིག་ཆ་ཁག་དང་བཅས་ཞུ་སྙན་འབུལ་དགོས།
དགོས་ངེས་ཆ་རྐྱེན།
༡། འཛིན་རིམ་བཅུ་གཉིས་སློབ་ཐོན་པའི་ལག་འཁྱེར།
༢། སྐྱེས་པ་རང་ལོ་ ༤༥ མ་འགལ་བ་ཡིན་པ།
༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར། R.C. ཤོག་གྲངས་དང་ པོ་དང་མཐའ་མ།
༤། གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
༥། འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་ བཤུ།
གསོལ་ཕོགས།
ཟླ་རེར་གསོལ་ཕོགས་ཧིན་སྒོར་ ༩༣༠༠ ཐོབ་རྒྱུ།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་བྱེད་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭ་གང་རུང་གི་སློབ་སྤྱི་བཅས་སུ་རུང་ནས་ངོ་བཤུས་ཡིག་ཆ་ཁག་ངོ་བཤུས་འཁྲུལ་མེད་ཡིན་པའི་དག་མཆན་མཚན་རྟགས་ངེས་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢ ལ།
Secretary
Department of Education
Central Tibetan Administration
Gangchen Kyishong
Dharamsaal – 176215
Distt. Kangra
H.P. INDIA