༢༠༡༣ ཟླ་ ༨ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༡ ཉིན་ཇར་མན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་དང་གྲོས་ཚོགས་རང་དབང་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཧར་ལ་ཌ Harald Leibrecht ལགས་ཀྱིས། འདས་པའི་ལོ་ངོ་བཅུ་ལྷག་གི་ནང་བོད་ཀྱི་གནས་སྟངས་དངོས་སུ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད། ང་ཚོ་གྲོས་ཚོགས་ཀྱི་འཐུས་མི་དང་བོད་དོན་ཚོགས་པས་ཇར་མན་ནང་ཆབ་སྲིད་ཀྱི་ལས་འགུལ་མུ་མཐུད་སྤེལ་ཏེ་བོད་མི་ཚོར་ཆོས་དད་རང་དབང་ལོངས་སུ་སྤྱོད་རྒྱུ་གལ་ཆེན་པོ་ཡིན་པ་དང། གྲོས་ཚོགས་འཐུས་མི་ཞིག་ནས་འདི་དང་འདི་བསྒྲུབ་ཐུབ་བརྗོད་མི་ཐུབ་ཀྱང་། ཇར་མན་གྲོས་ཚོགས་ཙམ་མིན་པར་འཛམ་གླིང་ཡུལ་གྲུ་ཚང་མའི་གྲོས་ཚོགས་ནང་བོད་དོན་ཁྱབ་བསྒྲགས་ཀྱི་རྒྱབ་སྐྱོར་ཇེ་མང་ཐོབ་རྒྱུར་འབད་བརྩོན་བྱེད་རྒྱུ་གལ་ཆེར་མཐོང་གི་འདུག
འདི་ལོའི་ཕྱི་ཟླ་ ༩ ནང་ཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་འཐུས་མི་གསར་པ་རྣམས་ཀྱིས་རྒྱ་ནག་འགོ་ཁྲིད་དང་གཞུང་ཚབ་དབར་འབྲེལ་བ་ནམ་བྱེད་ལ་རྒྱལ་སྤྱིའི་དོན་གནད་ཚང་མ་གསལ་བཤད་བྱེད་རྒྱུ་གལ་ཆེན་པོ་དང་། དེ་བཞིན་རྒྱ་ནག་ལ་འགྲོ་སྐབས་དང་རྒྱ་ནག་ནས་སྐུ་མགྲོན་སུ་འབྱོར་ལ་བོད་སྐོར་གནས་ཚུལ་གསལ་པོ་གླེང་སློང་བྱེད་རྒྱུར་འཐུས་ཤོར་མི་འགྲོ་བ་དང་ཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕན་ཐོགས་ཆེན་པོ་བྱེད་ཐུབ་ཀྱི་རེད། ང་རང་གྲོས་ཚོགས་འཐུས་མི་མ་བྱས་སྔོན་ནས་བོད་དོན་དང་འབྲེལ་བ་ཡོད་ལ་ཟླ་བ་གཉིས་རྗེས་ཆབ་སྲིད་ལས་དོན་གཤོལ་རྒྱུ་ཡིན་པའི་རྗེས་སུ་ཡང་ཐབས་ལམ་གཞན་ཐོག་ནས་བོད་དོན་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུ་ཡིན་ཞེས་གསུངས་འདུག