༢༠༡༣ ཟླ་ ༨ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ཟུར་པ་བསྟན་འཛིན་འཕྲིན་ལས་ལ་ཕྱི་ལོ་ ༡༩༩༨ ཟླ་ ༥ ཚེས་ ༤ ཉིན་ཁོ་པ་ཨ་རིར་གཞིས་སྐྱོད་གནམ་གྲོན་ཆེད་ལྡི་ལི་ས་གནས་ལས་ཁུངས་ནས་གཞུང་དངུལ་ཧིན་སྒོར་ ༤༠༠༠༠།༠༠ ( ཧིན་སྒོར་བཞི་ཁྲི་ཐམ་པ།) སྔ་འདོན་བཏང་པའི་ཡོང་བསྡད་སྐོར་རྩིས་ལོ་ ༡༩༩༨་་་༩༩ ལོ་ནས་བཟུང་རྩིས་ཞིབ་སྙན་ཐོའི་ནང་ལོ་བསྟུད་མར་ཡོང་བསྡད་གསལ་བ་བཞིན།
སྐབས་དེའི་འབྲེལ་ཡོད་ས་གནས་འགོ་འཛིན་ཟུར་པ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དང་ནང་སྲིད་ལས་ཁུངས་ནས་གོང་གསལ་དངུལ་འབབ་ཕྱིར་བསྡུས་རྩིས་གཙང་ཡོང་སླད་དོ་བདག་གར་ཡོད་ཨ་རིའི་དོན་གཅོད་ཁང་བརྒྱུད་འབྲེལ་ཡོད་ཁག་ལ་སྔ་རྗེས་འབྲེལ་གཏུགས་ཀྱིས་དྲི་རྩད་ལན་མང་བྱས་ཀྱང་དོ་བདག་གར་ཡོད་རྩད་གཙོད་ཐུབ་མིན་ལ་བརྟེན། ད་ཆ་དོ་བདག་བསྟན་འཛིན་འཕྲིན་ལས་ཀྱིས་གཞུང་དངུལ་བསམ་བཞིན་དུ་སྒྲུབ་འཇལ་ཞུ་འདོད་མེད་པར་སྤྱི་རྒྱུ་སྒེར་ཟས་བྱེད་མཁན་ཞིག་ཏུ་ངོས་འཛིན་མ་བྱས་ཐབས་མེད་བྱུང་བའི་གསལ་བསྒྲགས་སུ། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༧ ལ།།