༢༠༡༣ ཟླ་ ༨ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །བོད་མདོ་སྨད་རེབ་གོང་མདོ་བ་ནས་ཡིན་པའི་ཨ་ཁུ་རྒྱ་སྟག་ལགས་སུ་རྒྱ་ནག་གཞུང་གིས་བོད་རང་བཙན་གྱི་གཏམ་བརྗོད་སྤེལ་བའི་ཉེས་མིང་འོག ལོ་ ༤ དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་ ༡༡ པའི་ནང་བོད་མདོ་སྨད་རེབ་གོང་ས་ཁུལ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཤུགས་ཆེར་སྤེལ་ཡོད་པར་བརྟེན། རྒྱ་ནག་གཞུང་ཕྱོགས་ནས་དོན་རྐྱེན་དེ་དག་དང་འབྲེལ་བ་ཡོད་སྐོར་བརྗོད་དེ་འཛིན་བཟུང་བྱས་པའི་ཁྲོད་ཨ་ཁུ་རྒྱ་སྟག་ལགས་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༨ ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་པ་བཙུགས་ཏེ་ལོ་བཞིའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་ཅིང་ལོ་གཉིས་ཀྱི་ཆབ་སྲིད་ཁེ་དབང་ཕྲོགས་འདུག་པ་བཅས།།