༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁོངས་ལས་ཁུངས་ཁག་གི་ཆེད་དགོས་མཁོའི་ལས་བྱེད་གཤམ་གསལ་ལྟར་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཞབས་ཞུ་མུ་མཐུད་ཞུ་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
1) དམིགས་བསལ་ས་མིག
ཕྱི་དྲིལ་ལས་ཁུངས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། བདེ་སྲུང་ལས་ཁུངས་བཅས་སོ་སོའི་ཆེད་རྒྱ་མིའི་སྐད་ཡིག་ཚད་འཕེར་གྱི་དམིགས་བསལ་ལས་བྱེད་ཀྱི་ས་མིག་ཏུ་དྲུང་ལས་ ༢ དང་། སྡེ་འགན་ ༡ བཅས་བསྡོམས་ས་མིག་གྲངས་ ༣ ཡོད།
ཀ༽ དྲུང་གཞོན་ལས་རོགས་ཀྱི་དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། དྲུང་གཞོན་ལས་རོགས། (རྒྱ་ཡིག)
༢༽ ཤེས་ཚད། རྒྱ་ཡིག་ཐོག་ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ BA འམ་དེ་དང་མཉམ་པའི་ཤེས་ཚད་ཡོད་པ།
(ཤེས་ཚད་ལག་འཁྱེར་མེད་ཀྱང་ཡིག་རྒྱུགས་གཏོང་རྒྱུའི་གོ་སྐབས་གནང་རྒྱུ།)
༣༽ ལོ་ཚད། ༢༠༡༣།༠༨།༡༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༤༽ ལས་འགན། འབྲེལ་ཡོད་ལས་ཁུངས་ནས་ལས་འགན་བཀོད་སྒྲིག་ལྟར་དྭངས་ལེན་ཐུབ་པ།
༥༽ རྒྱུགས་གཞི། བོད་ཡིག་དང་། རྒྱ་ཡིག་གཉིས་ཀྱི་འབྲི་རྒྱུགས་དང་། ངག་རྒྱུགས་གཏོང་དགོས།
ཁ༽ སྡེ་ཚན་འགན་འཛིན་གྱི་དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། སྡེ་ཚན་འགན་འཛིན། (རྒྱ་ཡིག)
༢༽ ཤེས་ཚད། རྒྱ་ཡིག་ཐོག་ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ BA འམ་དེ་དང་མཉམ་པའི་ཤེས་ཚད་ཡོད་པ།
(ཤེས་ཚད་ལག་འཁྱེར་མེད་ཀྱང་ཡིག་རྒྱུགས་གཏོང་རྒྱུའི་གོ་སྐབས་གནང་རྒྱུ།)
༣༽ ལོ་ཚད། ༢༠༡༣།༠༨།༡༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ ལས་འགན། འབྲེལ་ཡོད་ལས་ཁུངས་ནས་ལས་འགན་བཀོད་སྒྲིག་ལྟར་དྭངས་ལེན་ཐུབ་པ།
༥༽ རྒྱུགས་གཞི། བོད་ཡིག་དང་། རྒྱ་ཡིག་གཉིས་ཀྱི་འབྲི་རྒྱུགས་དང་། ངག་རྒྱུགས་གཏོང་དགོས།
II ཁྱད་ལས་པའི་ས་མིག
ཤེས་རིག་ལས་ཁུངས་ཆེད་ཁྱད་ལས་པའི་དྲུང་གཞོན་ ༡ ཡོད་པར་དགོས་ངེས་ཆ་རྐྱེན།
༡༽ ལས་འགན། ཤེས་ཡོན་འགན་འཛིན། (དེང་རབ་ཤེས་ཡོན་འགན་འཛིན)
༢༽ ཤེས་ཚད། ཚད་ལྡན་མཐོ་སློབ་གང་རུང་ནས་ཉུང་མཐར་གཙུག་ལག་རབ་འབྱམ་པ་ (Masters Degree) ཐོན་
པའམ། དེ་དང་མཉམ་པའི་ལག་འཁྱེར་ཡོད་པའི་ཐོག་འབྲིང་རིམ་དགེ་རྒན་འོས་སྦྱོང་ (B.Ed.) ཐོན་པ།
༣༽ ལོ་ཚད། ༢༠༡༣།༠༨།༡༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༤༽ ཉམས་མྱོང་། སློབ་གྲྭའི་ནང་ཉུང་མཐར་སློབ་འཁྲིད་ཉམས་མྱོང་ལོ་ ༥ ཡོད་པ།
༥༽ རྒྱུགས་གཞི། ཆ་རྐྱེན་ཚང་བའི་མི་འགྲོ་གཅིག་ལས་མང་བ་ཡོད་ཚེ་ངག་རྒྱུགས་ཀྱི་ལམ་ནས་དྲག་འདེམས་ཀྱིས་བསྐོ་གཞག་གནང་རྒྱུ་ཡིན།
གོང་གསལ་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་། ས་གནས་འགོ་འཛིན་ལས་ཁང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ (www.tibet.net or www.154.35.136.131) གང་རུང་ནས་ཞུ་འདོན་གྱིས་འཚང་སྙན་འགེངས་ཤོག་འཚེམས་ལུས་མེད་པ་འཐུས་ཚང་བཀང་སྟེ་
༡) རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ ༢ རེ་དང་།
༢) མཐའ་མའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Card & Degree Certificate) གྱི་ངོ་བཤུས།
༣) དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། མཐའ་མའི་ངོ་བཤུས།
༤) གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར། (RC&RP) ཤོག་གྲངས་དང་པོ་དང་། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
༥) སྐྱེས་ཚེས་སམ། འཛིན་རིམ་ ༡༠ པ་ཐོན་པའི་ལག་འཁྱེར་གང་རུང་གི་ངོ་བཤུས།
༦) བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་ས་རྟགས་འཁོད་པ་(MC)ངོ་མ། (རྡ་ས་བདེ་ལེགས་སྨན་ཁང་གི་ངོས་སྦྱོར་ཡིན་ན་སྨན་པ་ས་འདུ་ཚེ་བརྟེན་རྡོ་རྗེའི་ངོས་སྦྱོར་ཞུ་དགོས།)
༧) འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
༨) ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་བཅས་ ༢༠༡༣ ཟླ་ ༨ ཚེས་ ༡༦ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་། ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང་དང་། ཁ་དཔར་ཨང་། གློག་འཕྲིན་ཁ་བྱང་སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་ཟིན་པ་དགོས་རྒྱུ།
གོང་གསལ་དུས་བཀག་རྗེས་འཚང་སྙན་འབུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་འགྲོ་རྒྱུ། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་རྒྱུའི་ཐོག་ཡིག་རྒྱུགས་བཞེས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༣ ཟླ་ ༧ ཚེས་ ༨ ལ།།
The Secretary
Public Service Commission, CTA
Gangchen Kyishong
Dharamsala Distt.Kangra
H.P. 176215 INDIA
Tel: 01892-226240
Telefax: 01892-222328
E-mail: [email protected]