༢༠༡༣ ཟླ་ ༧ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཨུ་ལན་བྷ་ཊོར་ནང་རྟེན་གཞི་བྱས་པའི་སོག་པོའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོ་དང། སོག་པོའི་ཚན་རིག་ཞིབ་འཇུག་བསྟི་གནས་ཁང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་བཅས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༡ ཉིན་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཊོར་ (Ulaanbaatar) རྒྱལ་སྤྱིའི་བོད་རིག་པའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་ ༡༣ པ་དབུ་འཛུགས་གནང་འདུག
དེ་ཡངགོ་སྒྲིག་ཚོགས་ཆུང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། ཐེངས་འདིའི་ཚོགས་འདུར་སྙན་ཞུ་འབུལ་མཁན་ ༧༣༠ ཙམ་བྱུང་ཡོད་ཁོངས་ནས་ཞིབ་འཇུག་ཆེད་རྩོམ་ ༦༤༠ ཙམ་ལེགས་བདམས་ཀྱིས་གདན་ཞུ་གནང་ཡོད།
གཞི་རྩའི་ཐེངས་འདིའི་ཚོགས་འདུའི་ཐོག་བོད་ཀྱི་ནང་ཆོས་དང་སྐད་ཡིག་གི་བརྡ་སྤྲོད། སྲོལ་རྒྱུན་སྨན་རྩིས་གཉིས། ནང་པའི་ཆོས་བརྒྱུད་ཁག་གི་ལྟ་གྲུབ། བོན་ཆོས་སྐོར། དེ་བཞིན་བོད་ཆོལ་གསུམ་ནང་གི་བོད་པའི་རང་བཞིན། དམིགས་བསལ་བོད་སོག་གཉིས་དབར་གྱི་ནང་ཆོས་ཀྱིས་གཙོས་རིག་གཞུང་གི་འབྲེལ་ལམ། ཞེས་སོགས་བརྗོད་གཞི་འདྲ་མིན་གྱི་ཐོག་བསམ་ཚུལ་སྤེལ་གནང་རྒྱུ་དང་། ལྷག་པར་ལྷན་ཚོགས་ཐོག་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་དམིགས་ཡུལ་དང་མ་འོངས་པའི་ལས་འཆར་སོགས་ཀྱི་ཐད་ཀྱང་བཀའ་བསྡུར་གནང་རྒྱུ་ཡིན་འདུག་པ་མ་ཟད། ལྷན་ཚོགས་དེ་བཞིན་ཕྱི་ཚེས་ ༢༡ ནས་ ༢༧ བར་བདུན་ཕྲག་གཅིག་རིང་འཚོགས་རྒྱུའི་ཡིན་འདུག་པ་བཅས། །