༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅།། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་བོད་དང་རྒྱ་ནག་གི་གནད་དོན་དང་འབྲེལ་བའི་གནས་ཚུལ་ཐོག་ཉམས་ཞིབ་པ་གང་མང་གསོ་སྐྱོང་བྱ་རྒྱུའི་ལས་འཆར་འོག་ཉམས་ཞིབ་པ་ (Researchers) དང་གདན་ཞུས་ཉམས་ཞིབ་པ་ (Visiting Fellows) བསྡུ་རྒྱུ་ཡིན་ན། ཆ་རྐྱེན་ཚང་བའི་ཉམས་ཞིབ་པ་རྣམས་འབྲི་རྒྱུགས་དང་ངག་རྒྱུགས། གདན་ཞུས་ཉམས་ཞིབ་པ་རྣམས་ངག་རྒྱུགས་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན། འཚང་སྙན་འབུལ་འདོད་མཁན་ཚོར་གཤམ་གསལ་ཆ་རྐྱེན་རྣམས་ངེས་པར་དུ་ལྡན་དགོས།
༡༽ ཉམས་ཞིབ་པ། (Researchers)
ས་མིག གསུམ།
དུས་ཡུན། ལོ་གཅིག (མུ་མཐུད།)
ཤེས་ཚད། བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་གཙུག་ལག་སློབ་ཐོན་ལག་ཁྱེར་ཡོད་ན་རབ་དང། གཙོ་བོ་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་ནང་ཉམས་ཞིབ་ཀྱིས་རྩོམ་ཡིག་ཚད་ལྡན་འབྲི་ཐུབ་པ་དང་ཡིག་སྒྱུར་ (སྒྲ་སྒྱུར་)ཐུབ་པ་དགོས།
ཉམས་མྱོང། ཉུང་མཐར་ལོ་ལྔའི་རིང་ལ་ཉམས་ཞིབ་བྱས་པའི་ལས་ཁུངས་ནས་ངོས་སྦྱོར་ཡི་གེ་དགོས། ལོ་ལྔའི་རིང་ཉམས་ཞིབ་བྱས་པའི་གྲུབ་འབྲས་སྟོན་རྒྱུ་ཡོད་ན་རབ།
ཕོགས། ཟླ་རེར་ཧིན་སྒོར་ ༡༥༠༠༠།
༢༽ གདན་ཞུས་ཉམས་ཞིབ་པ། (Visiting Fellows)
ས་མིག གསུམ།
དུས་ཡུན། ལོ་གཉིས།
ཤེས་ཚད། PhD ཕྱག་ཁྱེར་ཡོད་པ།
ཕོགས། ཟླ་རེར་ཧིན་སྒོར་ ༡༠༠༠༠
༣༽ གདན་ཞུས་ཉམས་ཞིབ་པ། (Visiting Fellows)
ས་མིག གཉིས།
དུས་ཡུན། ལོ་གཅིག
ཤེས་ཚད། MPhil ཕྱག་ཁྱེར་ཡོད་པ།
ཕོགས། ཟླ་རེར་ཧིན་སྒོར ༨༠༠༠
ཆ་རྐྱེན་གཞན།
༡། བོད་མིའི་རང་དབང་དྭང་བླངས་དཔྱ་དེབ་ཀྱི་ངོ་བཤུས་དང། རང་བདེན་ཚོགས་ཆུང་ནས་དྭང་བླངས་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་ངོས་སྦྱོར།
༢། རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་ཁྱེར་གྱི་ངོ་བཤུས།
༣། ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར། ༼ངོས་སྦྱོར་ཐོག་སོ་སོའི་པར་སྦྱར་དགོས།༽
༤། རང་ཉིད་སློབ་སྦྱོང་ཇི་བྱས་ཀྱི་ཤེས་ཚད་དང་ཉམས་མྱོང་གི་ལག་ཁྱེར་ཁག་གི་ངོ་བཤུས།
༥། ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ན་སྡེ་ཚན་དེའི་འགནའཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་དགོས།
གོང་གསལ་ཆ་རྐྱེན་དང་འབྲེལ་བའི་ཡིག་ཆའི་ངོ་བཤུས་སྟེང་ཟུང་དྲུང་ཡན་གྱི་གཞུང་ཞབས་པ་ཡང་ན། འབྲེལ་ཡོད་ས་གནས་འགོ་འཛིན་གྱི་དག་མཚན་འཁོད་དགོས་པ་དང། འཚང་སྙན་ཁག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་འབྱོར་ཚེས་མཐའ་མ་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༤ ཡིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༥ ལ།།
ཡིག་འབྲེལ་གནང་ས།
The Director
Tibet Policy Institute
Central Tibetan Administration
Gangchen Kyishong
Dharamsala
Distt. Kangra 176219
H.P. INDIA