༢༠༡༣ ཟླ་ ༧ ཚེས་ ༢༢ རེས་གཟའ་ཟླ་བ།
ཆོས་རིག་།སྤྱིར་༡༩།༢༠༡༣་་་༡༤
༄༅།། རྒྱ་ནག་དམར་པོའི་གཞུང་གིས་བོད་དང་བོད་མིའི་ཐོག་འཛིན་པའི་དྲག་གནོན་གདུག་རྩུབ་ཅན་གྱི་སྲིད་བྱུས་རྒྱུན་སྐྱོང་ལ་ཞི་རྒོལ། ལྷག་པར་བོད་བསྟན་སྲིད་མི་རིགས་དང། རང་དབང་བཅས་པ་སྲུང་སྐྱོབ་ཆེད་བོད་གཞིས་བྱེས་གཉིས་སུ་གནས་པའི་སེར་སྐྱ་དཔའ་བོ་དཔའ་མོ་རྒན་གཞོན་བར་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་བ་ད་བར་བོད་ནང་གི་གནས་ཚུལ་ཤེས་རྟོགས་བྱུང་བ་ཞལ་གྲངས་ ༡༡༩ ཟིན་ཅིང༌། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༠ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༨།༤༠ ཙམ་ལ་སི་ཁྲོན་ཞིང་ཆེན་རྔ་པ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་སྡེ་བའི་ཕ་བསོད་ནམས་དཔལ་ལྡན་དང། མ་ལན་ཕྲུག་གཉིས་ཀྱི་བུ་རང་ལོ་ ༡༨ སོན་པ། ཐང་སྐོར་སོག་ཚང་སྡེ་བའི་ནང་ཡོད་བཀྲིས་ཐེག་མཆོག་གླིང་གྱི་གྲྭ་དཀོན་མཆོག་བསོད་ནམས་ལགས་ཀྱིས་དགོན་པའི་ཞོགས་ཚོགས་གྲོལ་རྗེས་རྒྱ་ནག་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་སོང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག གོང་གསལ་རྒྱལ་གཅེས་དཔའ་བོས་གཙོས་ད་བར་རང་ལུས་མེར་བསྲེགས་གནང་མཁན་དང༌། བཙོན་འཇུག་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་པ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང༌སྐྱིད་སྡུག་མཉམ་མྱོང་ཞུ་ཆེད་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༤ རེས་གཟའ་ལྷག་པ་ཕྱི་དྲོའི་ཆུ་ཚོད་ ༤ པའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུ་རྒྱུ་ལགས་ན། སེར་སྐྱ་མང་ཚོོགས་མཉམ་ཞུགས་ཡོང་བའིི་ཆོས་བརྡར། ཆོས་རིག་ལས་ཁུངས་ནས་ ༢༠༡༣ ཟླ་ ༧ ཚེས་ ༢༢ ལ།།