༢༠༡༣ ཟླ་ ༧ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༨ ནས་ཟླ་ ༧ ཚེས་ ༡ བཅས་ཉིན་གྲངས་གསུམ་རིང་གཞུང་འབྲེལ་ཕྱོགས་བསྐྱོད་དང་སྟབས་བསྟུན། ཧི་མཱ་ཅལ་མངའ་སྡེའི་ཁུལ་གྱི་ས་གནས་འགོ་འཛིན་ལྷན་ཚོགས་ཐེངས་དང་པོར་དབུ་བཞུགས་གནང་ཡོད། ལྷན་ཚོགས་ཐེངས་དང་པོ་དེ་བཞིན་ཕྱི་ཚེས་ ༢༨ ཉིན་རྒྱལ་ས་སིམ་ལར་ཚོགས་པ་དང། སྐབས་དེར་ནང་སྲིད་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་དང་འཆི་མེད་རིག་འཛིན་ལགས་གཉིས་ཀྱང་ལྷན་བཅར་ཞུས་འདུག ལྷན་ཚོགས་དེའི་ཐོག་ས་གནས་འགོ་འཛིན་རྣམ་པས་ས་གནས་སོ་སོའི་ནང་འཕྲད་བཞིན་པའི་དཀའ་ངལ་གཙོ་གནད་ཐོག་གྲོས་བསྡུར་གནང་ཡོད་འདུག་པ་བཅས། །