༢༠༡༣ ཟླ་ ༦ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་ནས་ཡིན་པའི་ཨ་རི་བའི་ལས་དོན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་དགའ་བསུའི་སྣེ་ལེན་ཞིག་སྐབས ཨ་རིའི་ཝ་ཤིང་ཊོན་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཇེ་ཨིན་སེ་ལེ་ (Governor Jay Inslee) མཆོག་དང་བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་མཇལ་འཕྲད་བྱུང་སྐབས། སྲིད་སྐྱོང་མཆོག་གིས་བོད་མིའི་སྐུ་ཚབ་ལ་བོད་ནང་གི་ད་ལྟའི་གནས་སྟངས་ཐོག་བློ་འཚབ་ཧ་ཅང་ཆེན་པོ་ཡོད་པ་དང་། བོད་མིའི་དངོས་ཡོད་ཀྱི་དཀའ་ངལ་ཁག་སེལ་ཐུབ་པའི་རེ་བ་ཡོད་སྐོར་སོགས་གསུངས་འདུག
སྲིད་སྐྱོང་ཇེ་ཨིན་སི་ལི་མཆོག་ནི་དེ་སྔོན་ཨ་མི་རི་ཀའི་དབུས་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་བཞི་པའི་ནང་ཨ་རིའི་གྲོས་ཚོགས་འོག་མས་བོད་དོན་དང་འབྲེལ་ བའི་གྲོས་ཆོད་ཨང་ ༡༠༧༧ ཅན་འཇོག་སྐབས་ཁོང་གིས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། གྲོས་ཆོད་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་མཚམས་འཇོག་དགོས་པ་དང་། བོད་ཀྱི་དཀའ་རྙོག་སེལ་ཆེད་རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བལ་མ་མཆོག་དང་ལྷན་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་སྐོར་སོགས་འཁོད་ཡོད།
གཞན་ཡང་ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་སྐབས། སྲིད་སྐྱོང་སྐུ་ཞབས་ Jay Inslee མཆོག་ཀྱང་ཕེབས་ཡོད་པ་རེད།།