༢༠༡༣ ཟླ་ ༥ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༩ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ཉིན་རེའི་གསར་འགོད་ལྷན་ཚོགས་སྐབས་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་གཞོན་པའི་ལས་རོགས་སྐུ་ཞབས་ (Acting Deputy Spokesperson) པེ་ཊིཀ་ཝེན་ཊི་རེལ་(Patrick Ventrell) མཆོག་གིས་གསུང་དོན། ང་ཚོའི་སྲིད་བྱུས་དང་ལངས་ཕྱོགས་ཐད་འགྱུར་བ་གང་ཡང་མེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མི་ཚོར་འཇིགས་སྣང་གང་ཡང་མེད་པའི་ཁོར་ཡུག་འོག་རང་གི་དཀའ་ངལ་རྣམས་བརྗོད་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་ཞུ་རྒྱུ་མ་ཟད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང། སྐད་ཡིག་སོགས་ལ་མཐོང་ཆུང་ཁྱད་གསོད་བྱ་རྒྱུ་མཚམས་འཇོག་དགོས་པའི་རེ་འདུན་ཡང་བཏོན་ཡོད། ཅེས་གསུངས་འདུག