༢༠༡༣ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པར་ལས་བྱེད་དྲུང་གཞོན་ལས་རོགས་གཅིག་དང༌། སྡེ་ཚན་འགན་འཛིན་གཅིག ལས་ཁུངས་དོ་དམ་པ་གཉིས་བཅས་ཆོད་གན་ཐོག་གསར་བསྡུ་ཞུ་རྒྱུ་ཡིན་ན། ཆ་རྐྱེན་ཚང་རིགས་རྣམས་ཚུད་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན། ཡིག་རྒྱུགས་ནང་ཞུགས་བློ་ཡོད་མཁན་ཚོར་གཤམ་འཁོད་ཆ་རྐྱེན་རྣམས་ངེས་པར་དུ་ཚང་དགོས།
ཀ༽ གནས་རིམ། དྲུང་གཞོན་ལས་རོགས།
ཆ་རྐྱེན།
༡༽ ངོས་འཛིན་ཡོད་པའི་སློབ་གཉེར་ཁང་ཞིག་ནས་ Master in Mass Communication or Journalism གསར་འགོད་ལས་རིགས་སློབ་སྦྱོང་ཐོན་པའི་ལག་འཁྱེར་ཡོད་པ།
༢༽ ཆོད་གན་ལས་བྱེད་ཀྱི་ཆ་རྐྱེན་ལྟར་ཉུང་མཐར་ལོ་གཉིས་ཀྱི་ལས་ཀའི་ཉམས་མྱོང་ཡོད་པ།
༣༽ བོད་ཡིག་ཤེས་ཚད་རང་སྐྱ་འཕེར་ངེས་ཡོད་པ།
༤༽ བརྙན་འཕྲིན་པར་ལེན་དང་ཕྱོགས་སྒྲིག་བྱེད་ཐུབ་པ།
ཁ༽ གནས་རིམ། སྡེ་ཚན་འགན་འཛིན། ༡ ལས་ཁུངས་དོ་དམ་པ། ༢ ཀྱི་ཆ་རྐྱེན་ནི།
༡༽ ངོས་འཛིན་ཡོད་པའི་སློབ་གཉེར་ཁང་ཞིག་ནས་ Bachelor in Mass Communication or Journalism གསར་འགོད་ལས་རིགས་སློབ་སྦྱོང་ཐོན་པའི་ལག་འཁྱེར་ཡོད་པ།
༢༽ ཆོད་གན་ལས་བྱེད་ཀྱི་ཆ་རྐྱེན་ལྟར་ཉུང་མཐར་ལོ་གཉིས་ཀྱི་ལས་ཀའི་ཉམས་མྱོང་ཡོད་པ།
༣༽ བོད་ཡིག་ཤེས་ཚད་རང་སྐྱ་འཕེར་ངེས་ཡོད་པ།
༤༽ བརྙན་འཕྲིན་པར་ལེན་དང་ཕྱོགས་སྒྲིག་བྱེད་ཐུབ་པ།
ཡིག་རྒྱུགས་ཨང་རིམ་རྩེ་བཏོག་གཞིར་བཟུང་གནས་རིམ་བགོ་འགྲེམས་བྱ་རྒྱུ་ཡིན།
གོང་གསལ་ཆ་རྐྱེན་ཚང་རིགས་ནས་གཤམ་གསལ་ཡིག་ཆ་ཁག་མཉམ་འབུལ་དགོས།
༡། འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས་དང༌། རང་བདེན་ཚོགས་ཆུང་གི་ངོས་སྦྱོར།
༢། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་ཤོག་གྲངས་དང་པོ་དང༌།
དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
༣། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང༌། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ།
༤། ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར། གོང་གསལ་ཆ་རྐྱེན་དང་འབྲེལ་བའི་བདེན་དཔང་ཡིག་ཆ་ཁག་གི་སྟེང་གཞུང་ཞབས་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན་བཅས་གང་རུང་གི་དག་མཆན་ངེས་པར་འཁོད་དགོས། འཚང་སྙན་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༤ ནང་ཚུད་ཕྱི་དྲིལ་ལས་ཁུངས་སུ་ཕུལ་འབྱོར་ཐུབ་དགོས། ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༤ ལ།།
To The Secretary Department of Information & International Relation CTA,
Gangchen Kyishon Dharamsala 176215 Distt. Kangra H.P