༢༠༡༣ ཟླ་ ༥ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་དུ་ས་གནས་ཁྲིམས་དྲུང་ ༡ ཐད་བསྐོ་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ས་གནས་ཁྲིམས་དྲུང་གི་ཞབས་ཞུ་གནང་འདོད་ཡོད་རིགས་ནས་དུས་ཐོག་འཚང་སྙན་གནང་དགོས་རྒྱུ།
༡༽ འོས་ཆོས།
༡) ཁྲིམས་ལུགས་རབ་འབྱམས་པའམ་གཙུག་ལག་རབ་འབྱམས་པ་ LLB, BA ཐོན་པའམ། དེ་དག་དང་གནས་ཚད་མཉམ་པའི་ཤེས་ཚད་ལག་ཁྱེར་ཡོད་པ།
༢) ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡ བར་རང་ལོ་ ༣༥ ལས་མ་བརྒལ་བ།
༢༽ མཐུན་རྐྱེན།
༡) བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་རིགས་འདེམས་སྒྲུག་ནང་ཚུད་པ་ཡིན་ན་འདས་པའི་ཞབས་ལོ་རྩིས་འགྲོ་གཏོང་རྒྱུ་ཡིན།
༢) ས་གནས་ཁྲིམས་དྲུང་གི་ས་མིག་གཞིར་བཟུང་ཕོགས་དང་། ཐོབ་ཐང་གཞན་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དྲུང་གཞོན་སྤྱི་མཚུངས་ཐོབ་རྒྱུ།
༣) ཁྲིམས་ལུགས་རབ་འབྱམས་པ་ LLB ཐོན་པའི་ལག་ཁྱེར་ཡོད་པར། དོ་བདག་སོ་སོའི་རྒྱུགས་འཕྲོད་གྲུབ་འབྲས་སྟེང་ཨང་ཀི་ ༥ དང་། ཁྲིམས་ཞིབ་ཁང་ངམ། གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ནང་ལས་ཀའི་ཉམས་མྱོང་ལོ་ ༢ ཧྲིལ་པོ་ཡན་ལོན་པ་དང་། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་དང་ཉམས་མྱོང་ཡོད་རིགས་བཅས་ལ་དོ་བདག་སོ་སོའི་རྒྱུགས་འཕྲོད་གྲུབ་འབྲས་སྟེང་ཨང་ཀི་ ༥ རེ་དམིགས་བསལ་འཕར་སྣོན་གནང་རྒྱུ།
༣༽ འདེམས་རྒྱུགས།
འདེམས་རྒྱུགས་ཚོགས་ཆུང་ཟུར་འཛུགས་ཀྱིས་བོད་དབྱིན་གཉིས་ཀྱི་འབྲི་རྒྱུགས་དང་། ངག་རྒྱུགས་ལེན་རྒྱུ།
༤༽ འཚང་སྙན་མཉམ་དུ་ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་གང་རུང་གིས་དག་མཆན་འཁོད་པའི་ཡིག་ཆ་འབུལ་དགོས་པ་གཤམ་གསལ།
ཀ) རང་ཉིད་ཀྱི་ད་ལྟའི་ཕྱེད་པར་གཉིས་རེ་དང་།
ཁ) ཤེས་ཚད་ཨང་ཤོག་དང་ལག་ཁྱེར་གྱི་ངོ་བཤུས།
ག) དཔྱ་ཁྲལ་འབུལ་འབབ་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
ང) གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གྱི་ངོ་བཤུས།
ཅ) བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ངམ། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར།
ཆ) སྐྱེས་ཚེས་ལག་ཁྱེར་ཡོད་ན་དང་། དེ་མིན་འཛིན་རིམ་བཅུ་པའི་ལག་ཁྱེར་གྱི་ངོ་བཤུས།
ཇ) རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོ་བཤུས།
ཉ) བོད་མིའི་སྒྲིག་འཛུགས་སམ། སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་བྱེད་པ་ཡིན་མུས་ཤིག་ཡིན་ཚེ་འབྲེལ་ཡོད་འགན་འཛིན་ནས་དགག་བྱ་མེད་པའི་ངོས་སྦྱོར་བཅས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༥ འགྱངས་མེད་རང་ཉིད་ཀྱི་གན་འབྲེལ་ཁ་བྱང་དང་། ཁ་པར་ཨང་གྲངས། དྲ་འཕྲིན་ (E-mail) ཁ་བྱང་སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་སྤྱི་ཁྱབ་ཁྲིམས་དྲུང་གི་མིང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། དུས་བཀག་རྗེས་འཚང་སྙན་འབྱོར་རིགས་ལ་བདག་སྤྲོད་གནང་རྒྱུ་མིན།
གོང་གསལ་དུས་བཀག་ནང་འཚང་སྙན་དང་རྒྱབ་རྟེན་ཡིག་ཆ་ཆ་ཚང་ཕུལ་འབྱོར་བྱུང་རིགས་ལ་འདི་ནས་ཞིབ་འཇུག་དང་འབྲེལ། ཆ་རྐྱེན་ཚང་རིགས་རྣམས་འབོད་འགུག་བྱ་རྒྱུ་དང་། འཚང་རྒྱུགས་སུ་ངོ་བཅར་སྐབས་དགོས་མཁོའི་ཡིག་ཆ་ངོ་མ་མཉམ་འཁྱེར་དང་འབྲེལ་འབྱོར་ཐོ་འགོད་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༠ ལ།།
Secretary General
Tibetan Supreme Justice Commission
Gangchen kyishong
Dharamsala 176215 Distt. Kangra (H.P)
Tel: 01892-224964 Fax: 01892-225099
E-mail: [email protected], [email protected]