༢༠༡༣ ཟླ་ ༥ ཚེས་ ༣ རེས་གཟའ་པ་སངས།
༅༅། འབྱུང་འགྱུར་ལས་བྱེད་གསར་བསྐོར་དམིགས་ཏེ་བོད་རིགས་མཐོ་སློབ་ཐོན་པ་མི་གྲངས་ ༤༠ ལ་ཟབ་སྦྱོང་ཞིག་གོ་སྒྲིག་བྱེད་རྒྱུའི་གསལ་བསྒྲགས་ ༢༠༡༣ ཟླ་ ༢ ཚེས་ ༦ དང་དེ་རྗེས་ཟླ་ ༣ ཚེས་ ༡༤ བཅས་ལ་བྱས་པ་འབྲེལ་ཡོད་རྣམས་ནས་དོ་སྣང་བྱུང་ཡོད་ངེས་དང་། ད་ཆ་ཟབ་སྦྱོང་ལ་འཛུལ་ཞུགས་བྱེད་རྒྱུའི་འཚང་སྙན་འདི་ལྷན་དུ་ཕུལ་འབྱོར་དགོས་པའི་དུས་ཚེས་མཐའ་མ་ཟླ་བ་འདིའི་ཕྱི་ཚེས་ ༣༡ ཡིན་པར་འཚང་སྙན་འབུལ་འདོད་ཡོད་རིགས་ནས་དུས་ཚོད་འདིའི་ནང་འདི་ལྷན་དུ་སྙན་འབུལ་ཟིན་པ་དགོས་རྒྱུ་དང་། དེ་རྗེས་འཚང་སྙན་ཕུལ་སོན་བྱུང་རིགས་རྩིས་མེད་ཡིན། གོང་གི་གསལ་བསྒྲགས་ནང་གསལ་དགོས་ངེས་ཆ་རྐྱེན་ཚང་བའི་སློབ་མ་རྣམས་ ༢༠༡༣ ཟླ་ ༦ ཚེས་ ༢༢ ཉིན་ཟབ་སྦྱོང་ལ་འདེམས་སྒྲུག་ཆེད་བོད་དབྱིན་གཉིས་སོ་སོར་ཚོུད ༡་༣༠ རིང་འབྲི་རྒྱུགས་གཏོང་རྒྱུར་ཨང་ ༥༠ (༡༠༠%) ཡོད་པ་ནས་ཨང་ ༢༠ (༤༠%) ལོན་ན་རྒྱུགས་འཕྲོད་པར་ངོས་འཛིན་དང་རྩེ་བཏོག་གིས་འདེམས་ཕྱོགས་བྱ་རྒྱུ་ཡིན་ན་སོ་སོའི་ཤེས་ཚད་ལག་འཁྱེར་ངོ་མ་དང་ཡིག་ཆ་ངོ་མ་གཞན་ཁག་མཉམ་འཁྱེར་གྱིས་ཕྱི་ཟླ་ ༦ ཚེས་ ༢༡ ཞོགས་པ་ཚོུད་ ༩ ནས་ཉིན་རྒྱབ་ཚོུད ༤ བར་ཡིག་ཆ་ངོ་མ་ཁག་ལ་ཞིབ་འཇུག་བྱེད་རྒྱུར་ལས་བྱེད་འདེམས་ལྷན་དུ་ངོ་བཅར་གྱིས་འབྱོར་ཐོ་འགོད་དགོས་པའི་གསལ་བསྒྲགས།
ལས་བྱེད་འདེམས་ལྷན་ནས་ ༢༠༡༣ ཟླ་ ༥ ཚེས་ ༣ ལ།།