༢༠༡༣ ཟླ་ ༥ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༤ ཉིན་ཁེ་ན་ཌའི་ཕྱི་མི་གནས་སྤོ་དང་རིག་གཞུང་བློན་ཆེན་སྐུ་ཞབས་ཇེ་སན་ཀེ་ནི་ Jason Kenney མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མིའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་དེང་སྐབས་བོད་མི་ ༡༠༠༠ ཁེ་ན་ཌར་གནས་སྤོ་བྱ་རྒྱུའི་ལས་གཞི་འགྲོ་བཞིན་པ་སོགས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ངོས་འཛིན་ཆེད་བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་བརྒྱུད་གཟེངས་རྟགས་ཤིག་འབུལ་ལམ་ཞུས་པ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་ཡོད།