༢༠༡༣ ཟླ་ ༥ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་སིམ་ལ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་སྐབས་དེ་སྔའི་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་པི་རེམ་ཀུ་མཱར་དྷུ་མལ་(Prof Prem Kumar Dhumal) མཆོག་དང་མཇལ་འཕྲད་གནང་འདུག སིམ་ལ་ཁུལ་གྱི་ལས་དོན་གྲུབ་མཚམས་བཀའ་བློན་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱོགས་ཕེབས་གནང་འདུག་པ་བཅས།།