༢༠༡༣ ཟླ་ ༥ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སིམ་ལ་གཏན་སློབ་དང་ཨོ་རི་ས་ཉིན་སློབ། བསྟན་འཛིན་སྒང་ཉིན་སློབ། བལ་ཡུལ་རྣམ་རྒྱལ་འབྲིང་སློབ་བཅས་ཀྱི་ནང་ཆོས་དགེ་དགོས་མཁོ་ཡོད་ན་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་རྣམས་ནས་དགོས་མཁོའི་ལག་འཁྱེར་ཡིག་ཆའི་ངོ་བཤུས་དང་སྦྲགས་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣༠ འགྱངས་མེད་འཚང་སྙན་འགེངས་ཤོག་ཤེས་རིག་དྲ་རྒྱ་ www.sherig.org ནང་ཡོད་པ་ལྟར་འགེངས་འབུལ་ཞུ་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ཕྱི་ལོ་ ༢༠༡༣ ཟླ་ ༧ པའི་བདུན་ཕྲག་བཞི་པའི་ནང་ངག་རྒྱུགས་ལམ་ནས་འདེམས་སྒྲུག་བྱས་ཏེ་དབུས་བོད་སློབ་འཛིན་ཚོགས་ནས་ལོ་གཅིག་རིང་ཆོད་གན་ཐོག་བསྐོ་གཞག་གནང་རྒྱུ་དང༌། དེའི་རྗེས་འད་ས་པའི་ཕྱག་ལས་གནང་སྟངས་ལ་གཞིགས་ནས་ལོ་རེ་བཞིན་ཕར་འགྱངས་ཀྱིས་ལོ་གསུམ་ནས་ལྔ་བར་བསྐོ་གཞག་མུ་མཐུད་གནང་གཏན་འཁེལ་ཡོད།
དགོས་མཁོའི་ཡིག་ཆ་ཁག
༡༽ ཤེས་ཚད་སོགས་ཀྱི་ཆ་རྐྱེན་ཁག་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་(www.sherig.org)གཟིགས་ནས་ཤེས་ཚད་ལག་འཁྱེར་ཁག་གི་ངོ་བཤུས།
༢༽ ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ བར་འབུལ་འབབ་གཙང་ཕུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༣༽ ཕྱི་ལོ་ ༢༠༡༣ ཟླ་ ༠༦ ཚེས་ ༣༠ བར་དུས་འགྱངས་ཞུས་པའི་བོད་མིའི་སྐྱབས་བཅོལ་ལག་འཁྱེར་གྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༤༽ ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
༥༽ ད་ལྟ་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཐོག་རང་གཞུང་ལས་ཁུངས་གང་རུང་གི་ཟུང་དྲུང་ཡན་དང༌། ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་གིས་ངོ་བཤུས་ཡིག་ཆ་ཁག་དངོས་བདེན་ཡིན་པའི་དག་མཆན་ངེས་པར་དུ་འཁོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས ༣༠ ལ།
SECRETARY
Department of Education
CTA, Gangchen Kyishong
Dharamsala-176 215 (H.P.)
India- Fax: 01892-223481 E-mail: [email protected]
Tel: 01892-222572/ 222721 Website: www.tcewf.org