༢༠༡༣ ཟླ་ ༥ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མེ་ཌི་སིན་ཁུལ་དུ་མཛད་འཆར་ཉིན་མཐའ་མར་ཁུལ་དེའི་ནང་རྟེན་གཞི་བྱས་པའི་རི་དྭགས་ནགས་ཀྱི་སྐྱེད་མོ་ཚལ་ནང་པའི་བསྟི་གནས་ཁང་ (Deer Park Buddhist Center) ཞེས་པར་མེ་ཌི་སིན་ཁུལ་དང་། ཆི་གྷ་ཀོ། མི་ནི་སོ་ཊར་བཅས་ཨ་རིའི་ས་གནས་ཁག་གསུམ་ནས་བཅར་བའི་སློབ་གྲྭ་ཆེན་མོར་སྐྱོད་བཞིན་པའི་བོད་རིགས་སློབ་མ་གྲངས་ ༢༠༠ ཙམ་ལ་ཟུར་དུ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བ་ཆ་ཚང་༼བོད་ཀྱི་དྲ་བརྙན༽་འདིའི་ཐོག་ཡོད་པས་གཟིགས་པ་ཞུ།