༢༠༡༣ ཟླ་ ༥ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ༡༽ ༸གོང་ས་མཆོག་དགུང་གྲངས་ ༧༧ ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོའི་སྐབས་སིམ་ལ་ས་གནས་རྫོང་དཔོན་མཆོག་གདན་ཞུས་ཀྱིས་ཡུལ་མི་རྣམས་ལ་མངར་ཟས་བགོས་འགྲེམས་དང་། ས་གནས་སྨན་རྩིས་ཁང་ནས་ཡུལ་མི་རྣམས་ལ་ཉིན་གཅིག་རིང་སྨན་སྦྱིན་གོ་སྒྲིག་ཞུས་པ་དང་ཞོར་བོད་དོན་དང་འབྲེལ་བའི་དཔར་རིས་འགྲེམས་སྤེལ་དང་དྲིལ་བསྒྲགས་གང་ཐུབ་ཞུས་ཡོད། ༢༳༽ ཧི་མ་ཅལ་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་དང་། སིམ་ལ་གཏན་སློབ་ཀྱི་དགེ་སློབ་རྣམས་དང་། ཁྱབ་ཁོངས་གཞིས་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་བྱུང་རིམ་ཐོག་ཟབ་སྦྱོང་ཕུལ་ཡོད། ༣༽ བོད་མིའི་སྡོད་སྒར་ཁག་ཏུ་བོད་མི་རྣམས་ཀྱི་ཆབ་སྲིད་གོ་རྟོགས་གོང་འཕེལ་དང་གཞན་ཡང་བོད་དོན་གནས་ཚུལ་སོགས་ཀྱི་བརྙན་འཕྲིན་འཁོར་ལེབ་འབྱོར་མཚམས་ས་གནས་གཞོན་ནུའི་(Cable)བརྒྱུད་ཁྱབ་ཁོངས་མང་ཚོགས་ལ་གཟིགས་འབུལ་ཞུ་བཞིན་ཡོད་པ་དང་། འཁོར་ལེབ་མང་ཚོགས་ལ་གཡར་པོ་ཞུ་བཞིན་ཡོད། ༤༽ ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱི་གོ་སྒྲིག་འོག་༸རྒྱལ་བ་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་མཉམ་བཞུགས་ཞུས་ཡོད། ༥༽ ཕྱི་ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་དྲན་སྐབས་མང་ཚོགས་ལ་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་དང་། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་མང་ཚོགས་སུ་སྒྲོག་སྦྱང་ཞུས་ཡོད། ༦༽ འདི་ལོ་དཔལ་ལྡན་སྲིད་སྐྱོང་མཆོག་འདི་ག་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་སྐབས་འདི་གའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་མཚན་ཐོག་ཧི་མ་ཅལ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་སློབ་ཕྲུག དེ་བཞིན་གནད་ཡོད་མི་སྣ་བརྒྱ་ལྷག་ཙམ་ལ་བོད་དོན་སྐོར་གསུང་བཤད་དང་དྲི་བ་དྲི་ལན་བཅས་གོ་སྒྲིག་ཞུས་ཡོད། ༧༽ སིམ་ལ་ (Bacchat Bhawan) དུ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཧི་མ་ལ་ཡའི་ཁོར་ཡུག་སྐོར་བགྲོ་གླེང་ཞིག་ཚུགས་ཡོད་པར་འདི་ནས་མཐུན་འགྱུར་གང་ཐུབ་ཞུས་ཡོད། ༨༽ ཧི་མ་ཅལ་གཙུག་ལག་སློབ་གྲྭ་ཆེན་མོའི་དབུ་འཛུགས་ཀྱི་ལོ་འཁོར་དུས་ཆེན་སྐབས་འདི་གའི་ཁྱབ་ཁོངས་དགོན་སྡེ་གཉིས་ལ་འབོད་སྐུལ་ཞུས་པ་བཞིན་སྨོན་ལམ་གསུང་འདོན་ཞུས་ཡོད་པ་མ་ཟད། རྒྱ་གར་ཚོགས་སྐྱིད་ཁག་གི་མཛད་སྒོང་མང་དག་ཅིག་ལ་ཡང་མཉམ་བཞུགས་བྱས་ཡོད། ༩༽ འདི་ལོ་བདེན་པའི་མེ་ལྕེ་ས་གནས་སུ་སྐོར་སྐྱོད་སྐབས་མི་མང་རྒྱ་ཆེ་མཉམ་བཞུགས་ཐོག་ས་གནས་དཔོན་རིགས་ཁག་གདན་ཞུས་ཀྱིས་བོད་དོན་སྐོར་དྲིལ་བསྒྲགས་གང་ཐུབ་སྤེལ་ཡོད། ༡༠༽ འདི་ལོ་གསུམ་བཅུའི་དུས་དྲན་ཉིན་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་མང་ཚོགས་སུ་སྒྲོག་སྦྱང་ཞུས་ཡོད་པ་བཅས།