༢༠༡༣ ཟླ་ ༥ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །སྦིར་ནང་ཆེན་ཅོན་ཏ་ར་བོད་མིའི་གཞིས་ཆགས་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༡ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༥ ནས་ ༢༡ བར་བོད་མི་མང་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས་བཀྲིས་ལྗོངས། སྦིར། ཅོན་ཏ་ར་ཁྱབ་ཁོངས་དགོན་སྡེ་ཁག སློབ་གྲྭ གཞིས་ཆགས་བཅས་ལ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད། དེ་ཡང་ཕྱི་ཚེས་ ༢༠ ཉིན་སྦིར་ཅོན་ཏ་ར་ཁྱབ་ཁོངས་ནང་ཆེན་མང་ཚོགས། དགོན་པ་ཁག་གི་དགེ་འདུན་རྣམ་པ་དང༌། སམ་བྷོ་ཊ་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ཉིན་རྒྱབ་ཚོུད་ ༢ ཐོག་སློབ་གྲྭའི་ཚོགས་ཁང་དུ་ཚང་འཛོམས་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་དང་། ཆབ་སྲིད་གོ་རྟོགས།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར། སློབ་ཕྲུག་རྣམས་ལ་ཤེས་ཡོན་སྦྱོང་རྒྱུའི་གོ་སྐབས་བཟང་པོ་བེད་སྤྱོད་ལེགས་པོ་གནང་དགོས་པ་བཅས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གཟབ་རྒྱས་གནང༌།
དེ་ནས་མང་ཚོགས་ལ་དྲི་བ་དྲི་ལན་གོ་སྐབས་གནང་སྟེ་ལན་འདེབས་ཞུས་ཡོད་པ་དང༌། དགོང་དྲོ་ཚོུད་ ༧ ཐོག་སྦིར་ཅོན་ཏ་ར་སྡེ་ནང་གསུམ་གྱི་ས་གནས་འགོ་འཛིན་ལས་ཁང་ནས་བོད་མི་མང་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་སུ་གཞུང་འབྲེལ་གསོལ་སྟོན་གོ་སྒྲིག་ཞུས། བོད་མི་མང་སྤྱི་འཐུས་རྣམ་པ་ས་བགོས་ལྟར་ཐེངས་འདིར་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་དེ་ཆགས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།