༢༠༡༣ ཟླ་ ༤ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ལས་ཁང་གི་དུས་ཆེན་ཆེ་ཁག་༸སྐུའི་འཁྲུངས་སྐར་དུས་ཆེན་དང་། བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ། གསུམ་བཅུའི་དུས་དྲན་ཐེངས་ ༥༤ སྲུང་བརྩི་ཞུ་སྐབས་རྒྱ་གར་དཔོན་རིགས་ཁག་གདན་ཞུས་སྦྲགས་བོད་དོན་ས་གནས་གསར་ཤོག་ཁག་བཅས་ནང་ཐོན་ཏེ་བོད་དོན་དྲིལ་བསྒྲགས་ཁྱབ་ཆེ་བྱུང་ཡོད། དེ་བཞིན་ཕྱི་དྲིལ་ལས་ཁུངས་ནས་འོད་སྡེར་བཏང་བ་ཡོངས་རྫོགས་བཟོ་ཚོགས་ཀྱི་འཕྲིན་ལམ་བརྒྱུད་མི་མང་ལ་དུས་ཐོག་འགྲེམས་སྤེལ་ཞུས་དང་ཞུ་མུས་ཀྱི་ཆབ་སྲིད་གོ་རྟོགས་སྤེལ་བཞིན་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༥ ཉིན་ས་གནས་འཛིན་སྐྱོང་གཙོ་འཛིན་དང་། ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་དྲུང་ཆེ་བཅས་༸གོང་ས་མཆོག་མཇལ་ཁ་ཞུ་ཆེད་སི་ལ་ཀུལ་བར་ལྷན་བཅར་ཞུས་ཡོད། དེ་བཞིན་ས་གནས་སུ་རྒྱ་གར་དཔོན་རིགས་མི་སྣ་ཕེབས་རིགས་ཁག་ལ་སྣེ་ལེན་ཞུས་ཡོད། ལོ་གསར་སྐབས་གནད་ཡོད་དཔོན་རིགས་ཁག་ལ་ཕྱག་རྟགས་ཕུལ་ཏེ་ཡུལ་མིར་མཐུན་སྒྲིལ་ཞུས། ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་ས་གནས་འཛིན་སྐྱོང་གཙོ་སྐྱོང་འོག་ལོ་ལྟར་ཆུའི་ལྷ་གསོལ་དུས་ཚིགས་ལ་ལས་རིམ་འདི་གའི་གཞིས་ལས་ཁང་གི་བཀོད་བྱུས་ལམ་སྟོན་འོག་ཞྭ་ལུ་དགོན་པའི་དགེ་འདུན་པ་མཛད་སྒོར་ཆེད་བཅར་མཉམ་ཞུགས་ཐུབ་པ་བྱུང་བ་བཅས།།