༢༠༡༣ ཟླ་ ༤ ཚེས་ ༡༢ རེས་གཟའ་པ་སངས།
༄༅། སུད་སི་དང་ལཀ་ཊེན་ཊ་ཡིན་་བོད་ཡིག་སློབ་གྲྭའི་རོགས་དངུལ་རྒྱབ་སྐྱོར་འོག་འདི་ག་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གཞི་རིམ་འོག་མ་འཛིན་རིམ་གཉིས་པ་ནས་ལྔ་པ་བར་གྱི་བོད་ཡིག་སློབ་ཚན་ཡོངས་རྫོགས་བརྙན་ཕབ་ཀྱིས་འཁོར་ལེབ་(DVD) བཟོ་སྒྲིག་བྱ་འཆར་ཡོད་ན། བརྙན་ཕབ་དང་བཟོ་སྒྲིག་གི་ལས་གཞི་འདི་ཉིད་ལས་གླར་གཏོང་རྒྱུ་ཡིན་པས། ལས་གླར་བླངས་འདོད་ཡོད་མཁན་རྣམས་ཀྱིས་ཕྱི་ལོ་༢༠༡༣ ཟླ་ ༥ ཚེས་༡༠ འགྱངས་མེད་འདི་ག་ཤེས་རིག་ལས་ཁུངས་སུ་ཞུ་སྙན་འབུལ་དགོས།
དགོས་ངེས་ཆ་རྐྱེན།
༡། བརྙན་འཕྲིན་པར་ལེན་དང་སྒྲིག་བཟོའི་ཐོག་སློབ་ཐོན་པའམ། ལས་དོན་དེའི་ཐོག་ཉམས་མྱོང་གང་ལེགས་ཡོད་པ
(Video Shooting & Editing)
༢། གློག་བརྙན་སྒྲིག་བཟོའི་ཁྲོད་བོད་ཡིག་འགོད་འཇུག་ཚད་འཕེར་ཡོད་པ།
(Tibetan Typeset Knowledge)
༣། ལས་འཆར་འདི་ཉིད་ལོ་གཅིག་ནང་མཇུག་སྐྱོང་ཐུབ་པ་དགོས་རྒྱུ།
༤། བོད་ཡིག་སློབ་ཁྲིད་ཉམས་མྱོང་ངེས་ཅན་ཡོད་རིགས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
༥། བཟོ་བྱའི་གློག་བརྙན་གྱི་རིང་ཚད་ཁྱོན་བསྡོམས་དུས་ཡུན་ཆུ་ཚོད་༨༠ ཡས་མས་ཡིན།
༦། སློབ་ཁྲིད་དགེ་རྒན་ཤེས་རིག་ལས་ཁུངས་ནས་བསྐོ་གཏོང་གནང་རྒྱུ།
༧། ཞུ་སྙན་འབུལ་སྐབས་རང་ཉིད་ཀྱིས་བཟོ་སྒྲིག་བྱས་པའི་སློབ་ཁྲིད་དཔེ་མཚོན་གློག་བརྙན་(Sample Video) ཞིག་ངེས་འབུལ་ཞུ་དགོས།
༨། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་འདི་ནས་ཚོགས་ཆུང་ཆེད་འཛུགས་ཀྱིས་འདེམས་སྒྲུག་བྱ་རྒྱུ་དང། སྙན་འབུལ་བའི་ཆ་རྐྱེན་དང་སྤུས་ཚད་ལ་གཞིགས་པའི་ལས་གླ་དང་ལས་འབོར་གཏན་འབེབས་གནང་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༣ ཟླ་༤ ཚེས་༡༢ ལ།
འབྲེལ་གཏུགས་ཁ་བྱང།
Secretary
Department of Education
CTA, Ghangchen Kyishong
Dharamsala Distt Kangra
Mb: 9882279247
Tel :01892-222572/222721