༢༠༡༣ ཟླ་ ༤ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༨ རེས་གཟའ་ལྷག་པ་ནས་ཚེས་ ༢༨ རེས་གཟའ་སྤེན་པའི་བར་ལས་དུས་ཉིན་གྲངས་བཅུ་རིང་བཞུགས་སྒར་གངས་ཅན་སྐྱིད་གཤོངས་སུ་ཚུགས་གཏན་འཁེལ་སོང་ན། ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་ཐོག སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༧ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་འབུལ་གནང་དགོས་པ་བཅས་ཀྱི་ཚོགས་བརྡ་གསལ་བསྒྲགས་སུ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༤ ལ་
ཕུལ།།