༢༠༡༣ ཟླ་ ༤ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཝ་རཱ་ཎ་སི་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གཉིས་ནས་ཟུང་སྦྲེལ་ཐོག ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་བདུན་པའི་ཟླ་མཇུག་ཏུ་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་ལོ་བཞིའི་ཡུན་ཅན་གྱི་གཅིག་བསྡུས་འབྲིང་རིམ་དགེ་རྒན་འོས་སྦྱོང་དུ་འཛིན་རིམ་བཅུ་གཉིས་སློབ་ཐོན་ཁོངས་ནས་ཚན་རིག་སྡེ་ཚན་གྱི་སློབ་ཕྲུག་༢༥ དང་ལོ་གཅིག་གི་འབྲིང་རིམ་དགེ་རྒན་འོས་སྦྱོང་ཆེད་སློབ་ཕྲུག་ ༣༠ ལ་དགེ་རྒན་འོས་སྦྱོང་གོ་སྒྲིག་ཞུ་གཏན་འཁེལ་བ་བཞིན་གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༥ འགྱངས་མེད་ཞུ་སྙན་འབུལ་དགོས།
ཀ༽ ལོ་བཞིའི་ཡུན་ཅན་གྱི་གཅིག་བསྡུས་འབྲིང་རིམ་དགེ་རྒན་འོས་སྦྱོང༌། (B. Sc. B. Ed.)
དགོས་ངེས་ཆ་རྐྱེན་དང་གཞན།
༡། འཛིན་རིམ་ ༡༢ རྒྱལ་ཡོངས་ཡིག་རྒྱུགས་ནང་བོད་ཡིག་སོགས་ཨང་ཐོབ་ཉུང་མཐར་བརྒྱ་ཆ་ ༥༥ ལོན་དགོས།
༢། འཛིན་རིམ་བཅུ་པ་དང༌། འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་རམ་རྒྱུགས་ཞུགས་ངོ་སྤྲོད་ལག་འཁྱེར་ངོ་བཤུས།
༣། ཞབས་སྟེགས་ ༢༥ ཡོད་ཁོངས་ནས་ Physics, Chemistry, Maths (PCM) སློབ་ཚན་སྡེ་ཚན་ལ་ཞབས་སྟེགས་གྲངས་ ༡༥། དང༌། Chemistry, Botany, Zoology (CBZ) སློབ་ཚན་སྡེ་ཚན་ལ་ཞབས་སྟེགས་གྲངས་ ༡༠།
༤། གོང་གསལ་ས་མིག་ཁོངས་ནས་བལ་ཡུལ་གཏན་སྡོད་བོད་རིགས་སློབ་ཕྲུག་ལ་ཞབས་སྟེ་ ༥ དམིགས་བསལ་འཇོག་རྒྱུའང༌། དགེ་འོས་མཐོན་མཚམས་བལ་ཡུལ་ནང་བོད་པའི་སློབ་ཁག་ཏུ་ཞབས་ཞུ་བྱ་རྒྱུར་ཁས་ལེན་དཔང་རྟགས་ཡིག་ཆ་སྙན་ཞུ་མཉམ་འབུལ་དགོས།
༥། འདེམས་སྒྲུག་གནང་ཕྱོགས་འཛིན་རིམ་༡༢ ཡིག་རྒྱུགས་གྲུབ་འབྲས་ལ་གཞི་བཅོལ་རྒྱུ།
ཁ༽ ལོ་གཅིག་གི་འབྲིང་རིམ་དགེ་རྒན་འོས་སྦྱོང༌། (B. Ed.)
དགོས་ངེས་ཆ་རྐྱེན་དང་གཞན།
༡། ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ། B. Sc./B.A./Shastri སྐབས་ཉུང་མཐར་ཕྱོགས་བསྡོམས་བརྒྱ་༥༠ ལོན་དགོས།
༢། འཛིན་རིམ་བཅུ་པ་དང༌། འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་ངོ་བཤུས།
༣། ཞབས་སྟེགས་༣༠ ཡོད་ཁོངས་ནས་ཚན་རིག་སྡེ་ཚན་ནང་ཞབས་སྟེགས་གྲངས་ ༡༥ དང༌། སྒྱུ་རྩལ་སྡེ་ཚན་ནང་ཞབས་སྟེགས་གྲངས་༡༥ ཡོད་པའི་ནང་ནས་ས་མིག་༥ བོད་ཀྱི་སྐད་ཡིག་སློབ་དགེ་ཆེད་ཟུར་འཇོག་ཞུ་རྒྱུ།
༤། འདེམས་སྒྲུག་གནང་ཕྱོགས་ངག་རྒྱུགས་ལམ་ནས་གནང་རྒྱུ་དང༌། ཆ་རྐྱེན་ཚང་རིགས་ལ་སྔོན་འཚུད་ནས་བརྡ་ལན་གཏོང་རྒྱུ་ཡིན།
སྤྱི་ཡོངས་དགོས་ངེས་ཡིག་ཆ་དང་ཐུགས་སྣང་དགོས་པ།
༡། གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ཡིག་ཆའི་ངོ་བཤུས།
༢། ཕྱི་ལོ་ ༢༠༡༢ ལོའི་དཔྱ་ཁྲལ་བསྡུ་འབུལ་ཞུས་པའི་ངོ་བཤུས།
༣། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
༤། སློབ་ཡོན་དང༌། ཟས་གྲོན་སོགས་ཤེས་རིག་ལས་ཁུངས་ནས་ནར་གཏོང་གནང་རྒྱུ།
༥། སློབ་ཐོན་མཚམས་ཉུང་མཐར་ལོ་༥ སློབ་གྲྭ་ཁག་ཏུ་ཕྱག་ལས་གནང་དགོས།
༦། ཞུ་སྙན་འགེངས་ཤོག་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ། www.sherig.org ནས་ཕབ་བཤུས་ཀྱིས་ཞིབ་ཕྲ་བཀང་སྟེ་གཤམ་གསལ་ཤེས་རིག་ཁུངས་སུ་དུས་བཀག་སྔོན་བྱོར་ཟིན་པ་དགོས།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་བྱེད་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭ་གང་རུང་གི་སློབ་སྤྱི་བཅས་སུ་རུང་ནས་ངོ་བཤུས་ཡིག་ཆ་ཁག་ངོ་བཤུས་འཁྲུལ་མེད་ཡིན་པའི་དག་མཆན་མཚན་རྟགས་ངེས་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༤ ལ།།
The Secretary
Department of Education, CTA
Gangchen Kyishong
Dharamsala ‐ 176215, Distt. Kangra, H.P. India
Fax: 01892 – 223481 Tel: 01892 ‐ 222572/ 222721
Email: [email protected] website: www.sherig.org