༢༠༡༣ ཟླ་ ༤ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །མཚུངས་མེད་ས་གནས་འགོ་འཛིན་ལྷན་རྒྱས་མཆོག་གང་དེར།
ཆེད་ཞུ། དགོངས་མངའ་བཞིན་སྦེང་ལོར་ཁུལ་ནི་ལ་མངྒལ་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་དུ་ལོ་ལྟར་ན་གཞོན་ལས་མེད་ཚོར་སོ་སོའི་འདོད་མོས་ལྟར་ལས་རིགས་འདྲ་མིན་ཐོག་སྦྱོང་བརྡར་གོ་སྒྲིག་གནང་བཞིན་པ་ལྟར། འདི་ལོ་ ༢༠༡༣ ཕྱི་ཟླ་ ༤ པ་ནས་སྦྱོང་བརྡར་འབུལ་རྒྱུའི་ཁོངས་འཚང་སྙན་འགེངས་ཤོག་འདི་གར་ཕུལ་འབྱོར་ཟིན་ཡང༌། འཚེམ་བཟོའི་སྦྱོང་བརྡར་ཆེད་འཚང་སྙན་འབུལ་མཁན་མ་བྱུང་བར་བརྟེན་དེ་སྔའི་སྦྱོང་བརྡར་དུས་ཡུན་ཟླ་གྲངས་ ༡༨ དེ་བཞིན་ཉུང་དུ་བཏང་སྟེ་ལོ་གཅིག་གམ་ཟླ་གྲངས་ ༡༢ དང༌། ཤེས་ཚད་ཆ་རྐྱེན་ཡང་གང་ཡང་མི་དགོས་པའི་བསྐྱར་བཅོས་སོང་བ་མ་ཟད་སྦྱོང་བརྡར་ལེགས་ཐོན་ཟིན་རྗེས་སོ་སོའི་ས་གནས་སུ་འཚེམ་པོའི་ལས་ཀ་ཕྲལ་མར་མགོ་འཛུག་ཐུབ་རྒྱུར་འཕྲུལ་འཁོར་དང་ཡོ་ཆས་ཆ་ཚང་རེ་རིན་མེད་གནང་རྒྱུ་ཡིན་ན་འཛུལ་བཞུག་བྱ་བློ་ཡོད་རིགས་རྣམས་ནས་འཚང་སྙན་འགེངས་ཤོག་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༤ འགྱངས་མེད་སོ་སོའི་ས་གནས་འགོ་འཛིན་བརྒྱུད་འདི་གར་འབུལ་ཐུབ་པ་དགོས་རྒྱུ་དང༌། དགོས་ངེས་ཆ་རྐྱེན་ཐད་གོང་གསལ་བསྐྱར་བཅོས་སོང་བ་ཁག་ཕུད་དེ་མིན་ཆ་རྐྱེན་གཞན་དང་འཚང་སྙན་འགེངས་ཤོག་སྔར་ལམ་ལྟར་སོར་གནས་ཡིན་པ་བཅས་ཀྱི་གསལ་བསྒྲགས་མ་གོ་མ་ཐོས་མེད་པ་གནང་དགོས་དེ་དོན་དགོངས་འཇགས་ཞུ།
ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ ལ་ཕུལ།
ནང་སྲིད་ལས་ཁུངས།
DEPARTMENT OF HOME
(Youth Empowerment Support)
CTA, GANGCHEN KYISHONG, DHARAMSHALA, H.P., INDIA
Phone # 01892-22241/222214, Fax # 01892-225065, e-mail: [email protected]
ན་གཞོན་ལས་མེད་རྣམས་ལ་གཤམ་གསལ་ལས་རིགས་ཐོག་སྦྱོང་བརྡར་འབུལ་རྒྱུའི་གསལ་བསྒྲགས།
SKILL TRAINING OPPORTUNITY FOR UNEMPLOYED YOUTH
Course Name: TAILORING (འཚེམ་བཟོ)
Duration: 12 months (6 months Basic & 6 months Advance)
Eligibility: Open to all
Seat Vacancy: 5
Course Brief Contents: Ladies Blouse, Chupa & Coat, Gents Shirt & Chupa, Mo-Chupa, Formal Shirt & Pant, School Uniform Skirt, Salvar Kurtha, Estimation of cloth requirements, General Maintenance of sewing machines, Stitching by Hand: Running, Button Hole, Hamming, Traditional Button Knot etc., Stitching by Machine:(straight, curved, cornered), Door Screen, Window Shampo, Various types of bags & purses, Industrial visits.
Scope: He/She can set-up his/her own tailoring work, or get job in tailoring industries.
Special facility: A set of Sewing machine and tools will be provided after the successful completion of course.
———————————————————————————————————————————————————————————-
NOTE: 1) Start-up Soft loan will be provided for setting up own micro-enterprise after the successful completion of training.
2) No gender differentiation. Both female & male can apply to any course.
3) Deadline: May 14, 2013. Training starts in June, 2013.
4) Contact Settlement Office or Department of Home (YES) for detail.
*** end ***