༢༠༡༣ ཟླ་ ༤ ཚེས་ ༩ རེས་གཟའ་མིག་དམར།
༄༅། །སུད་སི་རྒྱལ་ཡོངས་ལྷན་ཚོགས་སམ་གྲོས་ཚོགས་འོག་མའི་ (National Council) ཚོགས་གཙོ་ལྕམ་སྐུ་མ་ཡཱ་གྷ་རབ་ (Maya Graf) མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༦ རེས་གཟའ་མིག་དམར་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སི་གྲོས་ཚོགས་འོག་མའི་ནང་གདན་འདྲེན་ཞུ་རྒྱུ་ཡིན་པའི་སུད་སི་གྲོས་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཡོད།
དེ་ཡང་སུད་སི་གྲོས་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༨ ཉིན་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པར་བརྟེན། སུད་སིར་གནས་སྡོད་བོད་མི་ ༤༠༠༠ ཙམ་ལ་ཡང་ཡང་མཇལ་ཁ་སྩོལ་སྲོལ་ཡོད་པ་མ་ཟད། ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཡོད། དེར་བརྟེན་ཁོང་ནི་རྒྱལ་སྤྱིའི་ནང་ཡོངས་གྲགས་ངོས་འཛིན་ཐོབ་པའི་མི་སྣ་གྲགས་ཅན་ཞིག་ཆགས་ཡོད།
ཐེངས་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུ་རྒྱུ་དེ་ནི་གཞན་ལ་སེམས་ཐག་ཉེ་པོ་དང་གཞན་ཕན་བྱ་རྒྱུའི་སུད་སི་ཡུལ་སྲོལ་གོམས་གཤིས་ཤིག་ཡོད་པའི་ཐོག་ནས་ཡིན། ཞེས་འཁོད་ཡོད།