༢༠༡༣ ཟླ་ ༤ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༠ ནས་ཕྱི་ཟླ་ ༦ ཚེས་ ༣ བར་རྡ་ས་བཞུགས་སྒར་གྱི་ཉེ་འགྲམ་བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་གོ་སྒྲིག་འོག་གདན་ས་ཁག་ནས་རྒྱུགས་བཞེས་མཁན་དགེ་བཤེས་ལྷ་རམས་པ་གདན་ཞུས་ཐོག་ལོ་རྒྱུས་རང་བཞིན་གྱི་ཆེས་ཐོག་མའི་དགེ་བཤེས་མའི་རྒྱུགས་སྤྲོད་དབུ་འཛུགས་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ཕར་ཕྱིན་འབྲི་རྒྱུགས་བཞེས་གནང་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་ཕར་ཕྱིན་རྩོད་རྒྱུགས་བཞེས་གནང་རྒྱུ། ཕྱི་ཚེས་ ༢༤ ཉིན་དབུ་མ་འབྲི་རྒྱུགས་བཞེས་གནང་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་དབུ་མ་རྩོད་རྒྱུགས་བཞེས་གནང་རྒྱུ།
ཕྱི་ཚེས་ ༢༨ ཉིན་རྣམ་འགྲེལ་འབྲི་རྒྱུགས་བཞེས་གནང་རྒྱུ་དང་། ཕྱི་ཚེས་ ༣༠ ཉིན་རྣམ་འགྲེལ་རྩོད་རྒྱུགས་བཞེས་གནང་རྒྱུ། ཕྱི་ཟླ་ ༦ ཚེས་ ༡ ཉིན་བརྡ་སྤྲོད་རྒྱུགས་བཞེས་གནང་རྒྱུ་དང་། ཕྱི་ཚེས་ ༢ ཉིན་ཚན་རིག་རྒྱུགས་བཞེས་གནང་རྒྱུ། ཕྱི་ཚེས་ ༣ ཉིན་རྒྱལ་རབས་ཆོས་འབྱུང་རྒྱུགས་བཞེས་གནང་རྒྱུར་གཏན་འཁེལ་ཟིན་འདུག
་