༢༠༡༣ ཟླ་ ༣ ཚེས་ ༦ རེས་གཟའ་ལྷག་པ།
༈ ལྡི་ལི་ཤེས་རིག་དཔར་ཁང་དབུས་ཡིག་ཚང་དུ་ཞུ་དག་པ་གཅིག་གི་ས་མིག་སྟོང་པར་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༧ འགྱངས་མེད་འཚང་སྙན་འབུལ་དགོས་རྒྱུ། འཚང་སྙན་ནང་སོ་སོའི་ཁ་བྱང་། ཞལ་པར་ཨང། དྲ་ཨང་བཅས་ཁ་གསལ་བཀོད་དགོས་རྒྱུ། གོང་ཚེས་དུས་བཀག་རྗེས་འཚང་སྙན་འབུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ། ལག་འཁྱེར་ངོ་མ་ཞིབ་བཤེར་ཆེད་དངོས་གཞིའི་རྒྱུགས་སྤྲོད་སྐབས་མཉམ་འཁྱེར་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་ལ་བོད་ཡིག་འབྲི་རྒྱུགས་དང་ངག་རྒྱུགས། ཀམ་སྤུ་ཊར་བཅས་འདེམས་རྒྱུགས་ཀྱི་ལམ་ནས་འདེམས་རྒྱུ་ཡིན་འདེམས་རྒྱུགས་བྱ་ཡུལ་དང་ཚེས་གྲངས་འཚང་སྙན་དུས་གཙང་རྗེས་དོ་དག་སོ་སོར་བརྡ་ལན་སྤྲོད་རྒྱུ་ཡིན། རྒྱུགས་སྤྲོད་དུ་ཕེབས་སྐབས་ཀྱི་འགྲོ་གྲོན་རྣམས་དོ་དག་རང་ཉིད་ནས་གཏོང་དགོས་པ་ཡིན།
དགོས་ངེས་ཆ་རྐྱེན།
༡༽བོད་ཀྱི་ནང་དོན་རིག་པའི་གཞུང་ཆེན་ལ་ཉུང་མཐར་ལོ་ལྔ་སློབ་གཉེར་འགྲིམས་མྱོང་བ། ཨ་ཅརྱཱ་བཅས་ཀྱི་ལག་འཁྱེར་དགོས་རྒྱུ།
༢༽བོད་ཡིག་ཀམ་སྤུ་ཊར་རང་རྐྱ་ཕེར་དགོས་པ།
༣༽ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ བར་དྭངས་བླངས་དཔྱ་དངུལ་ཆ་ཚང་འབུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་ཤུས།
༤༽རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་ཤུས།
༥༽རང་ལོ་ ༡༨ ནས་ ༤༠ མ་བརྒལ་བ་དགོས་རྒྱུ།
༦༽ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༧༽ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོ་སྦྱོར་དགོས།
༨༽གོང་གསལ་ལག་འཁྱེར་དང་ཡིག་ཆའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཁག་གི་ཟུང་དྲུང་ཡན་དང་ཡང་ན་ས་གནས་འགོ་འཛིན་གང་གི་དག་མཆན་ངེས་པར་འཁོད་དགོས།
དོ་དག་ལ་ཕོགས་རིམ་བཞི་པ། ཟླ་རེར་ཧིན་སྒོར། ༡༢༧༧༢།༠༠ དང་ལས་ཤག་གོ་སྒྲིག་ཡོད། ཟླ་དྲུག་ཚོད་བལྟའི་དུས་ཡུན་རྫོགས་མཚམས་ལས་བྱེད་ངོ་མར་བསྐོ་གཞག་འོས་མཚམས་ཤེས་དཔར་སྒྲིག་གཞི་ནང་གསལ་སྤྱི་མཚུངས་ལྟར་ཐོབ་རྒྱུ། བཅས་ལྡི་ལི་ཤེས་རིག་དཔར་ཁང་དབུས་ཡིག་ཚང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢ ལ།།
The Director
Tibetan Cultural & Religious Publication Centre
R- 28 & 27, Ramesh Park, Laxmi Nagar
Delhi- 110092
Tele Fax:- 011-22455634 & 011-22453672 (O) 011-22013260(R)
[email protected]
& [email protected]