༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་གོ་སྒྲིག་གནང་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༦ ནས་ ༢༨ བར་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་སྐྱ་བརྩེ་ཆེན་ཆོས་འཁོར་གླིང་དགོན་པའི་མགྲོན་ཁང་ནང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་རྣམ་པ་དང་གཞིས་ཁོངས་ཁག་གི་འཆར་གཞིའི་འགན་འཛིན་རྣམ་པ། ནང་སྲིད་ཁྱབ་ཁོངས་སྦེལ་ཀོབ་ས་གནས་སོ་ནམ་ཉམས་ཞིབ་བསྟི་གནས་ཁང་གི་ལས་བྱེད་རྣམ་པ། དེ་བཞིན་ས་གནས་ཀྱི་ཚོགས་སྡེ་ཁག་གི་མི་སྣ་བཅས་ཁྱོན་བོད་མི་ ༢༠ བརྒལ་བར་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞི་བང་རིམ་སྒྲིག་སྟངས་སྐོར་ལ་ཟབ་སྦྱོང་ཞིག་གནང་ཡོད།
ཟབ་སྦྱོང་དེའི་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་སྤྱི་ཁྱབ་འགན་འཛིན་གྱིས་གསུང་གསལ། ནམ་རྒྱུན་ང་ཚོས་སྤྱི་ཚོགས་འཛུགས་སྐྲུན་དང་ཡར་རྒྱས་འཆར་གཞི་འདིང་སྟངས་ཀྱི་ཟབ་སྦྱོང་སྤྲོད་ཀྱི་ཡོད། ད་རེས་དམིགས་སུ་བཀར་ནས་མི་འདྲ་བ་གང་ཞིག་བྱས་ཡོད་དམ་ཞེ་ན། བཀའ་ཤག་སྐབས་བཅུ་བཞི་པས་འཆར་ཅན་ལྟར་མ་ཡིན་པར་གསར་གཏོད་བྱེད་དགོས་སྐོར་ཀྱི་ལམ་སྟོན་ཕེབས་དང་ཕེབས་མུས་མུས་ལ་སོང་ང་ཚོས་ཐེངས་འདིའི་ཟབ་སྦྱོང་ནང་འཆར་གཞི་མང་དག་ཅིག་ཡོད་ཁོངས་ནས་འཆར་གཞི་གཅིག་ལྡེ་མིག་ལྟ་བུ་བྱུས་འགོད་འཆར་གཞི་དེ་ཤེས་ཆེད་ཡིན། ཞེས་གསུངས་འདུག་པ་བཅས། །