༢༠༡༣ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་མེ་སོར་ནང་རྟེན་གཞི་བྱས་པའི་ཨ་ཤ་ཀི་རན་སྨན་ཁང་ (AshaKiran Hospital) དང་ཟུང་འབྲེལ་གྱིས་གཉེན་ནད་རེག་དུག (HIV/AIDS) སྐོར་གོ་རྟོགས་སྤེལ་རྒྱུའི་ཐོག་ཉིན་གསུམ་གྱི་ཟབ་སྦྱོང་གོ་སྒྲིག་ཞུས་འདུག
ཟབ་སྦྱོང་དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༢ ནས་ ༡༤ བར་ཚོགས་ཡོད། ཟབ་སྦྱོང་དེར་མཉམ་ཞུགས་གནང་མཁན་མི་གྲངས་ ༡༥ ཡོད་ཁོངས་ནས་དགུར་གཉེན་ནད་རེག་དུག་གི་ནད་གཞི་ཕོག་ཡོད་འདུག རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་འཕྲོད་ལས་སྨན་ཁང་ནས་ཚོགས་བཅར་བ་མི་དྲུག་ཡོད། ཟབ་སྦྱོང་ཐོག་སློབ་སྟོན་གནང་མཁན་ཨ་ཤ་ཀི་རན་སྨན་ཁང་ནས་སྨན་ཞབས་པ་དང་སེམས་ཁམས་ནད་གཞི་བཅོས་མཁན་ཁག་གཅིག་ཕེབས་ཡོད་འདུག་པ་བཅས།།