༢༠༡༣ ཟླ་ ༣ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༢ ནས་ ༢༦ བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (International Campaign for Tibet)དང། ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ། (Tibet Initiative Deutschland) ཇར་མན་བོད་རིགས་སྤྱི་མཐུན་ཚོགས་པ། (Association of Tibetans in Germany) ཐུན་མོང་གིས་རིང་མིན་ཇར་མ་ནི་ནང་འོས་བསྡུ་ཆེན་མོའི་སྐབས་བོད་དོན་རྒྱབ་སྐྱོར་གྱི་རེ་འདུན་རྣམས་འཁོད་པའི་ཞུ་སྙན་ཕུལ་འདུག
དེ་ཡང་ཇར་མན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་དང་མཇལ་འཕྲད་སྐབས། བོད་མི་རྣམས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་སྐོར་གླེང་སློང་གནང་ཡོད་པ་མ་ཟད། གོང་གསལ་ཚོགས་པ་གསུམ་གྱི་སྐུ་ཚབ་རྣམ་པའི་ཁྲོད་ས་གནས་བོད་མི་རྣམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཆེད་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་སོ་སོའི་བསམ་ཚུལ་གསུང་རྒྱུའི་གོ་སྐབས་བྱུང་ཡོད་པ་བཅས།།