༢༠༡༣ ཟླ་ ༢ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༥ ཉིན་སྔ་དྲོའི་ཚོུད་ ༡༠ ཙམ་ལ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་ལྡི་ལི་ནས་མཁའ་ལམ་བརྒྱུད་རྡིབ་རུ་སྒར་དང༌། དགོང་དྲོ་ཆུ་ཚོད་ ༦ ཙམ་ལ་ཏེ་ཛུ་གཞིས་ཆགས་སུ་ཕེབས་འབྱོར་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཀའ་བློན་མཆོག་གིས་ཏི་ཛུའི་མང་ཚོགས་ལ་སྨན་བཅོས་ལྟ་སྐྱོང་གིས་གཙོས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་རྗེས་སྨན་ཁང་དང་སློབ་གྲྭ་བཅས་ལ་འཚམས་གཟིགས་གནང་རྗེས་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ས་གནས་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་མི་རྣམས་དང་བཞུགས་མོལ་ཚོགས་འདུ་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༨ ཉིན་ཏི་ཛུ་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༡ ཉིན་ཀྲུ་ཀྲིང་དུ་ཕེབས་འབྱོར་རྗེས་ཕྱི་ཚེས་ ༢༢ དང༌། ༢༣ ཉིན་གཉིས་རིང་ཀྲུ་ཀྲིང་དང་ཁ་ཐོར་ས་གནས་ (Gelling, Bona, Kopu) བཅས་ལ་འཚམས་གཟིགས་དང་མང་ཚོགས་ལ་ལམ་སྟོན་གསུང་བཤད། དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་དང་ལྷན་བཞུགས་མོལ་ཚོགས་འདུ་ཁག་གཅིག་འཚོགས་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༦ ཉིན་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་བོད་མིའི་སྨན་བཅོས་ལྟ་སྐྱོང་གིས་གཙོས་འཕྲོད་བསྟེན་དང་འབྲེལ་ལས་དོན་ཁག་གི་ཐོག་ལམ་སྟོན་གསུང་བཤད། ཕྱི་ཚེས་ ༢༧ ཉིན་མེའོ་ནས་རྡིབ་རུ་སྒར་དང་དེ་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༨ ཉིན་ལྡི་ལི་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས། །