༢༠༡༣ ཟླ་ ༢ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་གསར་འགོད་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོའི་ཉིན་བཞི་པ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་སྤྱི་འཐུས་རྣམ་པ་དང༌། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆེད་དུ་གདན་ཞུ་བྱས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་སློབ་ཕྲུག་སོགས་མི་གྲངས་ ༡༥༠༠ ཙམ། ཕྱོགས་མཐའ་ཁག་དང་ལྡི་ལི་བཅས་ནས་ཆེད་ཕེབས་གནང་བའི་བོད་མི་བཅས་ཁྱོན་མི་གྲངས་ ༧༥༠༠ ལྷག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གྲོས་ཚོགས་ལམ་ཆེན་གྱི་ཉེ་འགྲམ་ཇན་ཏར་མན་ཏར་དུ་རིམ་བཞིན་འདུ་འཛོམས་བྱུང་ཡོད་པ་རེད། ཐོག་མར་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཛད་རིམ་སྙན་སྒྲོན་གནང༌།
དེ་ནས་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ཕྱི་སྲིད་དང་དཔལ་འབྱོར་གྱི་བློན་ཆེན་ཟུར་པ་དང༌། རྒྱ་གར་གྱི་སྲིད་དོན་ཚོགས་པ་འདྲ་མིན་ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཡཤ་ཝནཏ་སིནྷ་ (Mr. Yashwant Sinha) མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། བོད་རྒྱ་མིས་དབང་བསྒྱུར་བྱས་ནས་ལོ་མང་པོ་དེ་འདྲ་སོང་ཡང། ད་དུང་ཁྱེད་རང་ཚོས་སེམས་ཤུགས་མ་ཆག་པར་བོད་དོན་འཐབ་རྩོད་རྒྱུན་གནས་ཐུབ་པ་དེ་ལ་བསྔགས་བརྗོད་ཡོད། འཐབ་རྩོད་ལ་དུས་ཡུན་ག་ཚོད་འགོར་ཡང་རྒྱལ་ཁ་དེ་བདེན་པར་ཐོབ་ཀྱི་རེད། དེར་བརྟེན་མཐར་ཐུག་གི་རྒྱལ་ཁ་བོད་ལ་འཐོབ་ངེས་པ་རེད། བོད་པ་ཚོ་སེམས་ཤུགས་དུས་ནམ་ཡང་ཆག་རྒྱུ་ཡོད་པ་མ་རེད། དེ་རིང་ངས་ཁྱེད་རང་ཚོའི་མདུན་དུ་ལངས་ནས་དགོངས་དག་ཞུ་རྒྱུ་ཡིན། རྒྱ་གར་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་ཇི་ཙམ་དགོས་པ་དེ་ཙམ་མ་བྱུང་བར་དགོངས་སེལ་ཞུ་རྒྱུ་ཡིན། དངོས་གནས་ཡིན་ན་འཛམ་གླིང་འདིར་བོད་དོན་རྒྱབ་སྐྱོར་བྱེད་ཆེ་ཤོས་བྱེད་མཁན་དེ་རྒྱ་གར་གཞུང་ཡིན་དགོས་པ་རེད་དེ། དེ་ཙམ་བྱུང་ཡོད་མ་རེད། ཡིན་ནའང་ད་བར་རྒྱ་གར་མི་མང་གི་རྒྱབ་སྐྱོར་ཤུགས་ཆེ་ཐག་ཆོད་ཡོད་པ་རེད། ཅེས་དང།
རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་སྲེག་བཏང་བ་དེ་༸རྒྱལ་བ་རིན་པོ་ཆེ་མཆོག་དང། ཕྱི་ཕྱོགས་ནས་བརྒྱུད་སྐུལ་བྱས་པ་རེད་ཅེས་ཁ་གཡར་ནས་ཉེ་ཆར་མི་གཉིས་ཀྱི་ནང་ནས་གཅིག་ལ་སྲོག་ཁྲིམས་དང། གཅིག་ལ་ལོ་བཅུའི་ཁྲིམས་ཐག་བཅད་པ་དེ་ངོ་ཚ་དགོས་པ་ཞིག་རེད། ད་ལོའི་ཕྱི་ཟླ་ ༣ པའི་ནང་དུ་༸གོང་ས་མཆོག་རྒྱ་གར་གྱི་གྲོས་ཚོགས་ནང་བསྐྱར་དུ་གདན་འདྲེན་ཞུ་རྒྱུ་ནི། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཐག་བཅད་ཟིན་པ་ཡིན། ཞེས་སོགས་གསུངས་ཡོད།
དེ་ནས་རིམ་བཞིན་རྒྱ་གར་གྱི་གསར་འགོད་པ་དང་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཝི་ཇེཡ་ཀན་ཏི་ (Vijay Kranti, Journalist and Tibet supporter) མཆོག་དང༌། ཀོང་རེ་སི་ཚོགས་པའི་གཞོན་ནུའི་སློབ་ཕྲུག་སྡེ་ཚན་གྱི་སྐུ་ཚབ་སི་རཇ་ (Sh. Siraj Representative of Indian Youth Congress (IYC) & NSUI) མཆོག རྒྱ་གར་དམག་དཔོན་ཟུར་པ་ཝི་ནོཐ་སཻ་གྷལ་ (Shri. Vinod Sehgal, Retd. Major General) མཆོག རྒྱ་གར་གྱི་མེ་འཁོར་བློན་ཆེན་ཟུར་པ་དང༌། ལོཀ་ཇྷན་ཤཀྟི་སྲིད་དོན་ཚོགས་པའི་ཚོགས་གཙོ་དང༌། གྲོས་ཚོགས་འཐུས་མི་རམ་ཝི་ལས་པསེ་ཝན་ (Sh. Ram Vilas Pasvan, Member of Parliament & President Lok Janshakti Party) མཆོག ཧི་མ་ཅལ་མངའ་ཁོངས་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འཐུས་མི་ལྕམ་སྦིམ་ལ་ཀ་ཤབ་ (Smt Bimla Kashyap, MP) མཆོག རྒྱ་གར་གྲོས་ཚོགས་འཐུས་མི་ཨ་ལོཀ་ཏི་ཝ་རི་ (Shri Alok Tiwari, MP) མཆོག (JDU) གཞོན་སྐྱེས་ཚོགས་པའི་ཚོགས་གཙོ་ཤཻ་ལེན་ཌར་ཡ་དྷབ་ (Sh Shailendra YDAV, National Executive, JDU) མཆོག བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་མ་དྷུ་རི་སོན་དྷི་ (Smt. Madhuri Sondhi, Director, Institute of Asia Pacific Affairs of M.L. Sondhi) མཆོག རྒྱ་གར་ (BJP) སྲིད་དོན་ཚོགས་པའི་གཞོན་ནུའི་སྡེ་ཚན་གྱི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་ཨ་ནུ་རཀ་ཐཱ་ཀུར་ཀ་ཤབ་ (Sh. Anurag Thakur Kashyap, MP) མཆོག (BJP) སྲིད་དོན་ཚོགས་པའི་འཐུས་མི་དང་རྒྱ་གར་གྲོས་ཚོགས་འཐུས་མི་བྷལ་སྦིར་པུནྗ་ (Shri Balbir Punj ji, MP, ) མཆོག བྷི་ཧར་གྱི་མངའ་སྡེའི་བློན་ཆེན་ཟུར་པ་དང་ཇཀ་ཁན་གྱི་གྲོས་ཚོགས་ཚོགས་གཙོ་ཟུར་པ་རྒྱ་གར་གྲོས་ཚོགས་འཐུས་མི་ཨིན་དྷར་སིང་ནམ་དྷ་རི་ (Sh. Inder Singh Namdhari, MP,) མཆོག་དང་ཁོང་གི་བུ་མོ་ཨམྲིཊ་ཀ་ཨཽར་མཆོག ལྡི་ལི་མངའ་སྡེའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་ཝི་ཇཻ་མལ་ཧོ་ཊརཱ་ (Shri
Vijay Malhotra, MLA, State Opposition leader of Delhi,) མཆོག བོད་དོན་རྒྱབ་སྐྱོར་བ་ཀུལ་ཌིབ་ཅན་དྷར་ཨཀ་ནི་ཏོ་རི་ (Sh. Kuldip Chandra Agnithori, Bharat Tibet Sayog Manch) མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཨིན་དྷེརཤ་ཀུ་མར་ (Shri Indresh Kumar, Patron, Bharat Tibet Sayog Manch.) མཆོག (BJP) སློབ་ཕྲུག་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་ཨུ་མེཤ་དྷཊ་ (Sh. Umesh Dutt, ABVP,) མཆོག ཕྱི་ཡི་རྒྱལ་ཁབ་མང་པོར་གཞུང་ཚབ་གནང་བ་སོགས་རྒྱ་གར་ཕྱི་སྲིད་ཀྱི་ལས་དོན་མི་ལོ་ ༣༩ རིང་གནང་མྱོང་མཁན་རན་ཇེ་ཏ་གྷུབ་ཏཱ་ (Former Ambassador Rangeet Gupta) མཆོག ལྡི་ལིའི་ཁ་ཆེ་ (Jammat e-Ulama e-Hind) ཚོགས་པའི་དྲུང་ཆེ་མུཕ་ཏི་ཨབ་དྷུལ་ས་མི་ཀསམི་ (Mufti Abdussami Qasmi, General Secretary, Jammat e Ulama e Hind,) མཆོག རྒྱ་གར་ཁ་ཆེ་ (All India Muslim Meo Vikas Parishad,) ཚོགས་པའི་དྲུང་ཆེ་ཁུར་ཤིད་ར་ཇཱ་ཀ་ (Sh. Khurshid Rajaka, General Secretary, All India Muslim Meo Vikas Parishad,) མཆོག རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་ཀོང་རེ་སི་རྒྱལ་ཡོངས་འགན་ལྷན་ཚོགས་མི་རའུཕ་ (Dr. Rauf, former MP and member of AICC, Abay Sinha, Loknayak Jayaprakash International Studies Development Center,) མཆོག རྒྱ་གར་ (RLD) སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང༌། གྲོས་ཚོགས་འཐུས་མི་ཇ་ཡནཏ་ཅོ་དྷུ་རི་ (Shri Jayant Chaudhary, General Secretary of Rashtriya Lok Dal) (RLD) མཆོག (BJP) སྲིད་དོན་ཚོགས་པའི་མགྲིན་ཚབ་པ་གཙོ་བོ་དང་གྲོས་ཚོགས་གོང་མའི་འཐུས་མི་ར་ཝི་ཤན་ཀར་པྲསདྷ་ (Ravi Shankar Prasad MP, Chief Spokesperson, BJP, Rajya Sabha Deputy leader) མཆོག རྒྱ་གར་ (Mewat Vikas Manch,) ཚོགས་པའི་དྲུང་ཆེ་ཨ་སཱཕ་ཨ་ལི་ཁཱན་ (Sh. Asaf ali Khan, General Secretary, Mewat Vikas Manch,) མཆོག སྐུ་ཞབས་ཤཡམ་གྷམ་སྦིར་ (Sh. Shyam Gambhir, Socialist Leader,) མཆོག (BJP) སྲིད་དོན་ཚོགས་པའི་མགྲིན་ཚབ་པ་གྲོས་ཚོགས་འཐུས་མི་ཅན་དྷན་མིཏྲ་ (Shri Chandan Mitra, MP and spokesperson,) མཆོག གྷན་དྷི་ཞི་བདེའི་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་རཱ་དྷ་སྦཊ་ (Radha Bhatt) མཆོག་དང་ཕྱག་རོགས་སུ་རན་དྷར་ཀུ་མར་ (Sh. Surendra Kumar) མཆོག རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཁས་དབང་ནན་དྷ་ཀི་ཤོར་ཊི་ཀ་ (Dr. Nand Kishore Trika, Convenor, Core Group for the Tibet Cause) མཆོག བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་མན་ཇུ་ (Smt. Manju) མཆོག (RJD) གྱི་སྐུ་ཚབ་ཀ་མར་ཨ་ལམ་ (Sh. Qamar Alam, National Secretary, RJD,) མཆོག་བཅས་རྒྱ་གར་གྱི་བློན་ཆེན་ཟུར་པ་དང་གྲོས་ཚོགས་གོང་འོག་གི་འཐུས་མི། གཞུང་གི་ལས་བྱེད་ཟུར་པ། སྲིད་དོན་ཚོགས་པ་ཁག་གི་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་སྲིད་དོན་ཚོགས་པ་ཆེ་ཁག་གི་གཞོན་ནུའི་སྡེ་ཚན་ཁག་གི་འགན་ཁུར་མི་སྣ། བོད་དོན་རྒྱབ་སྐྱོར་བ་གལ་ཆེའི་མི་སྣ་ ༣༠ ལྷག་གིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་བ་ཁག་གི་ནང་དོན་མདོར་བསྡུས་ན།
རྒྱ་གར་གཞུང་གིས་བོད་དོན་རྒྱབ་སྐྱོར་སྔར་ལས་ཤུགས་ཆེ་རུ་གཏོང་དགོས་པ་དང། བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཡིན་པ། འཛམ་བུའི་གླིང་གི་ནང་དུ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་རྒྱུའི་འགན་ཁུར་ཡོད་པའི་རྒྱལ་ཁབ་གཅིག་རང་དེ་རྒྱ་གར་གཞུང་ཡིན་པ་དང། དེ་ཡང་ཆོས་དང་རིག་གནས། ས་ཁམས་ཀྱི་ཐོག་ནས་ཁྱིམ་མཚེས་ཡིན་པ་དང། མ་འོངས་པར་བོད་དོན་རྒྱབ་སྐྱོར་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་སོགས་གསུངས་བ་མ་ཟད། ཁ་ཤས་ཀྱིས་བོད་མི་རིགས་དེ་རང་སྲོག་བློས་གཏོང་ཕོད་པའི་སྤོབས་པ་ཡོད་ཀྱང། སོ་སོའི་ཆོས་དང་རིག་གཞུང་རྒྱལ་ཁབ་བཅས་བློས་གཏོང་ཐུབ་ཀྱི་མེད་ཚུལ། དེ་བཞིན་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་དྲང་བདེན་དང་འཚེ་མེད་ཞི་བ་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང། བོད་དོན་ལ་རྒྱབ་སྐྱོར་མི་བྱེད་མཁན་དེ་དག་འཚེ་མེད་ཞི་བ་དང་དྲང་བདེན་ལ་རྒྱབ་སྐྱོར་མི་བྱེད་མཁན་ཡིན་པ། བདེན་དོན་ནི་དུས་ནམ་ཡང་ནག་གསུབ་གཏོང་ཐུབ་ཐབས་མེད་པར་ནམ་ཞིག་བོད་ལ་རང་དབང་རང་བཙན་འཐོབ་ངེས་ཡིན་པ་སོགས་གསུང་བཤད་ཟབ་ཅིང་རྒྱས་པ་མང་པོ་གནང་ཡོད་པ་རེད།
ཕྱི་དྲོ་ཆུ་ཚོད་ ༤།༠༠ ཐོག་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང༌། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གཉིས་ཀྱིས་རིམ་བཞིན་མཇུག་བསྡོམས་གསུང་བཤད་གནང་ཡོད་པ་དང༌། ཆུ་ཚོད་ ༥།༠༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་གདུང་སེམས་མཉམ་སྐྱེད་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས་བོད་ཀྱི་ཟློས་གར་ཚོགས་པའི་བདེན་ཚིག་སྨོན་ལམ་རྟ་དབྱངས་དང་བཅས་འུར་འདོན་དང༌། འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་སྙན་འབུལ་གྲུབ་རྗེས་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་ཐེངས་འདིའི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་ཡོད་པ་རེད། བོད་རྒྱལ་ལོ།།