༢༠༡༣ ཟླ་ ༢ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །འདི་གར་རྡོར་གླིང་ས་གནས་འགོ་འཛིན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ ཉིན་བོད་བསྟན་སྲིད་མི་རིགས་དང་། རང་དབང་གི་དོན་དུ་རང་ལུས་མེར་སྲེག་གཏོང་མཁན་རྣམས་དང་རྒྱའི་བཙོན་ཁང་ནང་གདུག་སྦྱོང་མནར་སྤྱོད་མྱངས་དང་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་ཆེད། འཛམ་གླིང་ཕྱོགས་ཡོངས་སུ་ཉིན་བརྒྱ་དུས་གཅིག་ལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་འཚོགས་རྒྱུར་བཀའ་ཤག་ནས་བཀོད་ཁྱབ་ཕེབས་དོན་ལྟར། རྡོར་གླིང་བོད་མིའི་གཞིས་ཆགས་སུའང་གོང་ཚེས་ཉིན་རྡོར་གླིང་ས་གནས་ཀྱིས་གཙོས་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་དགོན་སྡེ་ཁག་ ༡༥ དང་། ཁ་ཐོར་གཞིས་ཆགས་ཁར་ཤང་དང་མ་ནི་བྷ་ཆང། གུམ་སོགས་སུ་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་བཅས།།