༢༠༡༣ ཟླ་ ༡ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ལོའི་སྒྲིག་ཞུགས་མ་ཡིན་པའི་མཐོ་རིམ་ཉམས་ཞིབ་པ་ ༡༠ སློབ་ཡོན་གནང་གཏན་འཁེལ་བ་དང༌། དེའི་ཁོངས་ནས་གཏན་ཉིན་སློབ་གྲྭ་ཁག་ནང་ཕྱག་ལས་གནང་བཞིན་པའི་དགེ་རྒན་ཆེད་སློབ་ཡོན་ས་མིག ༢ ཟུར་བཅད་ཞུ་རྒྱུ་དང༌། སློབ་ཡོན་ས་མིག་ ༢ ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ལ་ཟུར་བཅད་གནང་རྒྱུ་ཕུད་པའི་བྱིངས་སློབ་ཡོན་ ༦ ཆེད་དུ་ཆ་རྐྱེན་ཚང་ཞིང་སྒྲིག་ཞུགས་མ་ཡིན་པའི་མཐོ་རིམ་ཉམས་ཞིབ་བློ་མོས་ཡོད་མཁན་ཚོས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༠ འགྱངས་མེད་ཤེས་རིག་ལས་ཁུངས་སུ་འཚང་སྙན་འབུལ་ལམ་ཞུ་དགོས་པ་དང༌།
སློབ་ཡོན་ཞུ་སྙན་འབུལ་སྐབས་ཆ་རྐྱེན་སོགས་ཞིབ་ཕྲའི་ནང་དོན་གཤམ་གསལ།
༡༽ སློབ་ཡོན་ཞུ་སྤྲོད་ཀྱི་ཆ་རྐྱེན་དང་འཚང་སྙན་འབུལ་ཕྱོགས།
༡། སློབ་ཡོན་ལས་རིམ་འདིར་ཞུགས་མཁན་རྣམས་ལ་ཤེས་ཚད་ལག་འཁྱེར་ཡོད་མེད་དང་ལོ་ན་རྒན་གཞོན་གྱི་ཆ་རྐྱེན་མེད་རུང༌། གཤམ་གསལ་གཞི་རྩའི་ཆ་རྐྱེན་ཁག་ངེས་པར་ཚང་དགོས།
ཀ༽ དང་བླངས་དཔྱ་དངུལ་དང་བསྡུ་དངུལ་འབུལ་འབབ་གྲངས་ཚང་ཕུན་ཟིན་པའི་ངོ་བཤུས།
ཁ།༽ གནས་ཡུལ་རྒྱལ་ཁབ་སོ་སོའི་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་ལག་འཁྱེར་གྱི་ངོ་བཤུས།
ག།༽ ཉམས་ཞིབ་ཐོག་ཤེས་ཚད་དང་ཉམས་མྱོང་འདང་ངེས་ཡོད་པའི་དན་རྟགས། དཔྱདརྩོམ་དང་ངོས་སྦྱོར་རིགས།
ང༌།༽ བོད་ཀྱི་སྐད་ཡིག་གི་ཤེས་ཚད་རང་རྐྱ་འཕེར་ངེས་ཡོད་པ། བདེན་དཔང་ཡིག་ཆ།
ཅ།༽ རང་གིས་བདམས་པའི་ཉམས་ཞིབ་ཀྱི་བརྗོད་གཞིའི་ཐོག་ལོ་གསུམ་རིང་ཉམས་ཞིབ་བྱ་རྒྱུའི་འཆར་གཞི།
ཆ།༽ ཉམས་ཞིབ་བརྗོད་གཞི་དང་འབྲེལ་ཡོད་ཆེད་ལས་མཁས་པ་ཞིག་ནས་དོ་བདག་གིས་ཉམས་ཞིབ་ལས་རིམ་མཇུག་སྐྱོང་ཐུབ་པ་དང༌། དེ་ལ་དགོས་ངེས་ཀྱི་སློབ་སྟོན་གནང་རྒྱུ་ཡིན་པའི་ངོས་ལེན་ཡི་གེ་ངོ་མ།
ཇ།༽ སྒྲིག་འཛུགས་གང་ཡང་རུང་བའི་ལས་བྱེད་ཡིན་ཚེ་འབྲེལ་ཡོད་སྒྲིག་འཛུགས་ནས་དགག་བྱ་མེད་པའི་ངོས་སྦྱོར་ཡི་གེ།
ཉ། དགེ་རྒན་ཟུར་བཅད་ས་མིག་སློབ་ཡོན་སྙན་འབུལ་བ་རྣམས་ནས་སློབ་སྤྱིའམ་དགེ་ཆེའི་རྒྱབ་གཉེར་ངོས་སྦྱོར་ཡི་གེ
༢། གོང་གསལ་ཆ་རྐྱེན་ཁག་མ་ཚང་བ་དང༌། སྙན་ཤོག་དུས་བཀག་ནང་ཚུན་མ་འབྱོར་བ། ཡིག་ཆ་རྫུན་སྒྲིག་བྱས་པའི་རིགས་ལ་ངོས་བཞེས་གནང་རྒྱུ་མིན།
༣། སློབ་ཁང་གང་རུང་ནང་སློབ་སྦྱོང་གི་ལས་རིམ་ངེས་ཅན་འགྲིམ་བཞིན་པའི་རིགས་ལ་སློབ་ཡོན་འདི་སྤྲོད་རྒྱུ་མིན།
༤། གཞུང་སྒེར་སྡེ་ཚན་གཞན་གང་རུང་ནས་སློབ་ཡོན་རོགས་སྐྱོར་ཐོབ་མུས་ཡིན་ཚེ་སློབ་ཡོན་འདི་སྤྲོད་རྒྱུ་མིན།
༢༽ སློབ་སྟོན་པའི་ཆ་རྐྱེན།
ཉམས་ཞིབ་སློབ་སྟོན་པར་གཤམ་གསལ་གཞི་རྩའི་ཆ་རྐྱེན་གང་རུང་ཞིག་ངེས་པར་ཚང་དགོས།
ཀ ༽འབྲེལ་ཡོད་བརྗོད་གཞིའི་ཐོག་མཐོ་རིམ་ཉམས་ཞིབ་ (Ph.D) སློབ་ཐོན་པ།
ཁ ༽འབྲེལ་ཡོད་བརྗོད་གཞིའི་ཐོག་ལོ་ངོ་ ༡༠ ཡན་གྱི་ལག་ལེན་ཉམས་མྱོང་ལྡན་པ།
ག ༽འབྲེལ་ཡོད་བརྗོད་གཞིའི་ཐོག་ཉམས་ཞིབ་བྱས་པའི་གྲུབ་འབྲས་ངོས་འཛིན་འཕེར་བ་ཡོད་མཁན།
༣༽ ཉམས་ཞིབ་བརྗོད་གཞི།
ཉམས་ཞིབ་ཀྱི་བརྗོད་གཞིར་བཀག་རྒྱ་གང་ཡང་མེད་ནའང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གཞུང་དང༌།
བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན། དེང་སྐབས་ཀྱི་ཤེས་ཡོན་སྤྱིའི་གནས་སྟངས་དང་འབྲེལ་བའི་བརྗོད་གཞི་བྱེ་བྲག་པ་གང་རུང་ཐོག་རིགས་གཅིག་རྐང་འཛིན་གྱིས་ཉམས་ཞིབ་བྱ་རྒྱུར་མཐོང་ཆེན་བྱ་རྒྱུ། ཤེས་རིག་ལས་ཁུངས་ཀྱི་དྲྭ་ཚིགས་ནང་བརྗོད་གཞིའི་ས་བོན་ཁག་ཅིག་ཟུར་བཀོད་ཡོད་པ་དཔྱད་གཞིར་གཟུང་ཆོག
༤༽ འདེམས་སྒྲུག་བྱེད་ཕྱོགས།
༡། ཆ་རྐྱེན་ཚང་བའི་འཚང་སྙན་འབུལ་མཁན་རྣམས་གཤམ་གསལ་ཆ་རྐྱེན་འོག་འདེམས་སྒྲུག་བྱ་རྒྱུ།
ཀ༽ བོད་ཀྱི་སྐད་ཡིག་གི་གནས་ཚད་ལ་བརྒྱ་ཆ་ ༣༠དཔར་བསྐྲུན་ཟིན་པའི་འབྲི་རྩོམ་ཁོ་ནར་གཞི་བཅོལ་རྒྱུ་ཡིན་པས་དཔེ་དེབ་དང་དུས་དེབ། གསར་ཤོག་སོགས་འདྲ་བཤུས་སམ་ངོ་མ་འབུལ་ལམ་ཞུ་དགོས།
ཁ།༽ཉམས་ཞིབ་འཆར་གཞི་ལ་བརྒྱ་ཆ་ ༢༠ ཉམས་ཞིབ་པའི་གནས་ཚད་དང་མཐུན་པ་ཞིག་དགོས།
ག༽ ངག་རྒྱུགས་ལ་བརྒྱ་ཆ་ ༢༥ ཡོད།
ང༌།༽ གཤམ་འཁོད་སྐད་ཡིག་གཉིས་པ་གང་རུང་གཅིག་ཁུངས་འཕེར་ཡོད་པར་བརྒྱ་ཆ་ ༡༠ བར་གནང་རྒྱུ་དང༌། སྐད་ཡིག་གསུམ་པ་ཁུངས་འཕེར་ཡོད་པར་བརྒྱ་ཆ་ ༥ བར་གནང་རྒྱུ། ངག་རྒྱུགས་སྐབས་བརྟག་ཞིབ་བྱ་རྒྱུ། དེ་ཡང༌། ཨིན་ཇི་དང་ཧིན་དི། ལེགས་སྦྱར། རྒྱ་ཡིག འཇར་མན། ཕི་རེནཅ། ལེ་ཊིན་གང་རུང་གཅིག་ཡིན་དགོས།
ཅ།༽ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་དཔྱད་རྩོམ་དཔར་འགྲེམས་ཡོད་རིགས་ལ་བརྒྱ་ཆ་ ༡༠ བར་གནང་རྒྱུ་ཡིན་པས་འདོན་སྤེལ་ཟིན་པའི་དུས་དེབ་དང་དཔེ་དེབ་སོགས་ཀྱི་འདྲ་བཤུས་སམ་ངོ་མ་འབུལ་ལམ་ཞུས་དགོས།
༢། སློབ་ཡོན་འདི་ཐོབ་པ་ལ་ཕྱོགས་བསྡོམས་བརྒྱ་ཆ་ ༦༠ དགོས་ཤིང༌། བརྒྱ་ཆ་ ༦༠ ལོངས་པ་ཇི་ཡོད་རྩེ་བཏོགས་ཀྱིས་འདེམས་སྒྲུག་བྱ་རྒྱུ།
༣། སྙན་ཞུའི་འགེངས་ཤོག ཁག་ཐེག་འགེངས་ཤོག་བཅས་ཤེས་རིག་ལས་ཁུངས་ཀྱི་དྲྭ་ཚིགས་ www.tcewf.org ནང་འཇོག་རྒྱུ།
༥༽ སློབ་ཡོན་འབུལ་སྟངས།
ཀ༽ ལོ་རེར་སྒོར་ ༦༠༠༠༠། འདིའི་ཁོངས་སློབ་སྟོན་པའི་མཚན་དོད་ཀྱང་ཚུད་ཡོད། འབུལ་རྒྱུ།
ཁ།༽ ཟླ་བ་དྲུག་རེར་སློབ་ཡོན་འབུལ་ཐེངས་རེ་བྱ་རྒྱུ།
༦༽ ཁག་ཐེག་འགན་ལེན།
༡། སློབ་ཡོན་ཐོབ་མཚམས་ཤེས་རིག་ལས་ཁུངས་ཀྱི་ཁག་ཐེག་འགེངས་ཤོག་ངེས་པར་བཀང་འབུལ་བྱ་དགོས།
༢། འདེམས་སྒྲུག་བྱུང་བ་གང་ཞིག་དུས་མཚམས་ཅི་རིགས་སུ་སྒྲིག་གཞིའི་འབྲུ་དོན་གང་རུང་དང་འགལ་འཛོལ་བྱུང་ཚེ་སློབ་ཡོན་མཚམས་འཇོག་བྱ་རྒྱུ་སྨོས་མེད་ཐོག དོ་བདག་ལ་སློབ་ཡོན་བགོས་སྤྲོད་ཟིན་པའི་སློབ་ཡོན་དངུལ་འབབ་ཆ་ཚང་ཤེས་རིག་ལས་ ཁུངས་ལ་ཕྱིར་སློག་དགོས་པའི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༢ ལ།།
Secretary
Department of Education, CTA
Gangchen Kyishong
Dharamsala-176215
Distt. Kangra, Himachal Pradesh
Ph: 01892-226695, 222572, 222721Fax: 01892- 223481
e-mail: [email protected] website: www.tcewf.org/www.sherig.org