༢༠༡༣ ཟླ་ ༡ ཚེས་ ༡༡ རེས་གཟའ་པ་སངས།
༄༅། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང༌། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང༌། ཤེས་རིག་ལས་ཁུངས་བཅས་སོ་སོའི་ཆེད་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཉུང་མཐར་ལོ་ལྔའི་རིང་མུ་མཐུད་ཞབས་འདེགས་ཞུ་རྒྱུར་ཁས་ལེན་ཐུབ་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
I)ཕྱི་དྲིལ་ལས་ཁུངས་ཆེད་ཁྱད་ལས་པའི་དཔར་པ་ས་མིག ༡ ཡོད།
དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། ཁྱད་ལས་པའི་དྲུང་གཞོན་ལས་རོགས།
༢༽ ཤེས་ཚད། ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་དཔར་པའི་སློབ་སྦྱོང་ཐོན་པའམ་ཡང་ན་དེ་དང་གནས་ཚད་མཉམ་པའི་ལག་འཁྱེར་ངེས་པར་ཡོད་པ། (Bachelor in Photo Journalism OR equivalent degree)
༣༽ ལོ་ཚད། ༢༠༡༣།༢།༢༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༤༽ ཉམས་མྱོང༌། སྒྲིག་འཛུག་ཤིག་གི་ལས་ཁུངས་ནང་གསར་འགྱུར་དང་འབྲེལ་བའི་པར་མཁོ་སྒྲུབ་བྱས་པའི་ལས་ཀའི་ཉམས་མྱོངཉུང་མཐར་ ལོ་ ༡ ཡོད་པ།
༥༽ ལས་འགན། གསར་འགྱུར་བརྒྱུད་ལམ་ཁག་ལ་པར་མཁོ་སྒྲུབ་ཆེད་ས་གནས་གང་སར་འགྲོ་བསྐྱོད་དང༌། དེང་དུས་ཀྱི་འཕྲུལ་ཆས་ཀམ་སྤུ་ཀྲར་ནས་དགོས་མཁོ་བཟོ་བཏོན་བྱ་རྒྱུ། གཞན་ཡང་ལས་ཁུངས་ཀྱི་འབྲེལ་ཆགས་ལས་བགོས་ཇི་གནང་ལ་དྭངས་ལེན་ཞུ་དགོས།
༦༽ རྒྱུགས་གཞི། ཁྱད་ལས་པའི་འདེམས་རྒྱུགས་སྒྲིག་གཞི་ལྟར་ངག་རྒྱུགས་ལེན་རྒྱུ་བཅས།
II) ཕྱི་དྲིལ་ལས་ཁུངས་དང་བོད་ཀྱི་སྲི་བྱུས་ཉམས་ཞིབ་ཁང་གི་ཆེད་རྒྱ་མིའི་སྐད་ཡིག་ཚད་འཕེར་གྱི་དམིགས་བསལ་ལས་བྱེད་ཀྱི་ས་མིག་ཏུ་དྲུང་གཞོན་ ༡ དྲུང་ལས་ ༤ དང༌། སྡེ་འགན་ ༡ བཅས་བསྡོམས་ས་མིག་གྲངས་ ༦ ཡོད།
ཀ༽ དྲུང་གཞོན་ས་མིག ༡ ཐོག་དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། དྲུང་གཞོན།
༢༽ ཤེས་ཚད། རྒྱ་ཡིག་ཐོག་ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ (B.A) འམ་དེ་དང་མཉམ་པའི་ཤེས་ཚད་ཡོད་པ། ཤེས་ཚད་ལག་འཁྱེར་མེད་ཀྱང་ཡིག་རྒྱུགས་གཏོང་རྒྱུའི་གོ་སྐབས་གནང་རྒྱུ།
༣༽ ལོ་ཚད། ༢༠༡༣།༢།༢༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༤༽ ཉམས་མྱོང༌། ༢༠༡༣།༢།༢༠ བར་རྒྱ་ཡིག་ཐོག་ཉུང་མཐར་ལོ་ ༤ ལོན་པའི་ལས་མྱོང་ཡོད་པ།
༥༽ ལས་འགན། འབྲེལ་ཡོད་ལས་ཁུངས་ནས་ལས་འགན་བཀོད་སྒྲིག་ལྟར་དྭངས་ལེན་ཐུབ་པ།
༦༽ རྒྱུགས་གཞི། བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་འབྲི་རྒྱུགས་དང་ངག་རྒྱུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ནང་གཞི་རྩའི་རྩིས་ཁྲ་འཇོག་ཉར་ཐོག་འབྲི་རྒྱུགས་སྤྱི་མཚུངས་གཏོང་དགོས
ཁ༽ དྲུང་གཞོན་ལས་རོགས་ས་མིག ༤ ཐོག་དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། དྲུང་གཞོན་ལས་རོགས།
༢༽ ཤེས་ཚད། རྒྱ་ཡིག་ཐོག་ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ (B.A) འམ་དེ་དང་མཉམ་པའི་ཤེས་ཚད་ཡོད་པ། ཤེས་ཚད་ལག་འཁྱེར་མེད་ཀྱང་ཡིག་རྒྱུགས་གཏོང་རྒྱུའི་གོ་སྐབས་གནང་རྒྱུ།
༣༽ ལོ་ཚད། ༢༠༡༣།༢།༢༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༤༽ ལས་འགན། འབྲེལ་ཡོད་ལས་ཁུངས་ནས་ལས་འགན་བཀོད་སྒྲིག་ལྟར་དྭངས་ལེན་ཐུབ་པ།
༥༽ རྒྱུགས་གཞི། བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་འབྲི་རྒྱུགས་དང་ངག་རྒྱུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ནང་གཞི་རྩའི་རྩིས་ཁྲ་འཇོག་ཉར་ཐོག་འབྲི་རྒྱུགས་སྤྱི་མཚུངས་གཏོང་དགོས
ག༽ སྡེ་ཚན་འགན་འཛིན་ས་མིག ༡ ཐོག་དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། སྡེ་ཚན་འགན་འཛིན།
༢༽ ཤེས་ཚད། རྒྱ་ཡིག་ཐོག་ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ (B.A) འམ་དེ་དང་མཉམ་པའི་ཤེས་ཚད་ཡོད་པ། ཤེས་ཚད་ལག་འཁྱེར་མེད་ཀྱང་ཡིག་རྒྱུགས་གཏོང་རྒྱུའི་གོ་སྐབས་གནང་རྒྱུ།
༣༽ ལོ་ཚད། ༢༠༡༣།༢།༢༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ ལས་འགན། འབྲེལ་ཡོད་ལས་ཁུངས་ནས་ལས་འགན་བཀོད་སྒྲིག་ལྟར་དྭངས་ལེན་ཐུབ་པ།
༥༽ རྒྱུགས་གཞི། བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་འབྲི་རྒྱུགས་དང་ངག་རྒྱུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ནང་གཞི་རྩའི་རྩིས་ཁྲ་འཇོག་ཉར་ཐོག་འབྲི་རྒྱུགས་སྤྱི་མཚུངས་གཏོང་དགོས
III) ཤེས་རིག་ལས་ཁུངས་ཆེད་ཁྱད་ལས་པའི་མདུན་ལམ་སློབ་སྟོན་པའི་ལས་རོགས་ཀྱི་ས་མིག་གྲངས་ ༡ ཡོད།
དགོས་མཁོའི་ཆ་རྐྱེན།
༡༽ གནས་རིམ། ཁྱད་ལས་པའི་དྲུང་གཞོན་ལས་རོགས།
༢༽ ཤེས་ཚད། ངོས་འཛིན་ཡོད་པའི་རྒྱ་གར་དང་ཕྱི་རྒྱལ་མཐོ་རིམ་གཙུག་ལག་སློབ་ཁང་གང་རུང་ནས། བསམ་བློའི་ཚན་རིག་ (Psychology)ཐོག་གཙུག་ལག་རབ་འབྱམས་པ་ (M.A or M.Sc in Psychology) ཐོན་པའམ། ཡང་ན་ཤེས་ཡོན་རིག་པའི་གཙུག་ལག་རབ་འབྱམས་པ་ (M.A Education) ཐོན་པའི་ཤེས་ཚད་ལག་འཁྱེར་ངེས་པར་ཡོད་དགོས་དེ་དག་ལ་གྲུབ་འབྲས་ཨང་སྡེ་གཉིས་པ་ (2nd div) ཡོད་ངེས་ངོས་འཛིན་ཡོད་པའི་མཐོ་སློབ་གང་རུང་ནས་ཐོན་པ། སློབ་ཕྲུག་གི་མདུན་ལམ་དང་བྱ་སྤྱོད་ལམ་སྟོན་ (Guidance and Counseling)
ཐོག་ཉུང་མཐར་དུས་ཡུན་ཟླ་དྲུག་རིང་མཐོ་རིམ་ཁྱད་སྦྱོང་ (Post Graduate Diploma) གང་རུང་ཐོན་པའི་ལག་འཁྱེར་ཡོད་དགོས། འོན་ཀྱང་རྩ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་དེ་ཉིད་སློབ་ཕྲུག་གི་མདུན་ལམ་དང་བྱ་ སྤྱོད་ལམ་སྟོན་པ་ (Master degree in Career Counseling and Guidance) ཐོན་པ་ཡིན་ཚེ་གོང་གསལ་མཐོ་རིམ་ཁྱད་སྦྱོང་གི་ལག་འཁྱེར་ཟུར་དུ་མེད་ཀྱང་འགྲིག་རྒྱུ།
༣༽ ཉམས་མྱོང༌། སློབ་ཕྲུག་གི་མདུན་ལམ་དང་བྱ་སྤྱོད་ལམ་སྟོན་པའི་ཉམས་མྱོང་ཡོད་རིགས་དང༌། དགེ་རྒན་གྱི་ལས་སྒོར་ཞུགས་མྱོང་ཡོད་རིགས་ལ་
དམིགས་བསལ་དགོངས་བཞེས་གནང་རྒྱུ།
༤༽ ལས་འགན། མདུན་ལམ་སློབ་སྟོན་པའི་ལས་རོགས་ཀྱི་འགན་འཁུར་ཞུ་དགོས།
༥༽ ལོ་ཚད། ༢༠༡༣།༢།༢༠ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༦༽ རྒྱུགས་གཞི། ངག་རྒྱུགས་ཀྱི་ལམ་ནས་དྲག་འདེམས་ཀྱིས་བསྐོ་གཞག་གནང་རྒྱུ།
གོང་གསལ་ས་མིག་གང་རུང་གཅིག་ལ་མ་གཏོགས་སྙན་འབུལ་མི་ཆོག གནས་རིམ་སོ་སོའི་ཆེད་ཆ་རྐྱེན་ལྡན་རིགས་ནས་སྙན་ཞུའི་འགེངས་ཤོག་འདི་ག་ལས་བྱེད་འདེམས་བསྐོ་ལྷན་ཁང་དང༌། ས་གནས་འགོ་འཛིན་ལས་ཁང༌། གཞུང་འབྲེལ་དྲ་རྒྱ་(www. tibet.net )གང་རུང་ནས་ཞུ་བཏོན་བྱས་ཏེ་འཚང་སྙན་འགེངས་ཤོག་འཚེམས་ལུས་མེད་པ་བཀང་སྟེ་གཤམ་གསལ་ཡིག་ཆ་མཉམ་འབུལ་དགོས།
༡ རང་ཉིད་ཀྱི་ད་ལྟའི་ཕྱེད་དཔར་ཚོན་ལྡན་གཉིས་རེ་དང༌།
༢ མཐའ་མའི་ཤེས་ཚད་ཨང་ཤོག་དང༌། ལག་འཁྱེར་(Marksheet and Certificate)ངེས་པར་དགོས་རིགས་ཀྱི་ངོ་བཤུས།
༣ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང༌། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
༤ གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་R.Cཤོག་གྲངས་དང་པོ་དང༌། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
༥ བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང༌། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ།རྡ་ས་བདེ་ལེགས་སྨན་ཁང་གི་ངོས་སྦྱོར་ལ་སྨན་པ་ས་འདུ་ཚེ་བརྟེན་རྡོ་རྗེའི་ངོས་སྦྱོར་ཞུ་དགོས།
༦ སྐྱེས་ཚེས་ལག་འཁྱེར་ཡོད་ན་དང༌། དེ་མིན་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་ངོ་བཤུས་གང་རུང༌།
༧ རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྦྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར། (character certificate)
༨ ལས་བྱེད་ཁོངས་ཚུད་ན་ཉུང་མཐར་ལོ་ ༥ ཞབས་ཞུ་གནང་རྒྱུའི་འགན་ལེན་ཡིག་ཆུང༌།
༩ གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་བཅས་ ༢༠༡༣ ཕྱི་ཟླ་ ༢ ཚེས་ ༢༠ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་གནང་བདེའི་ཁ་བྱང་དང༌། ཁ་དཔར་ཨང༌། གློག་འཕྲིན།E-Mailཁ་བྱང་སོགས་ཁ་གསལ་བཀོད་དེ་གཤམ་གསལ་མཚན་བྱང་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ། ཆ་རྐྱེན་ཚང་བ་དང་ཚོད་བལྟའི་དུས་ཚེས་གཙང་བའི་ལས་བྱེད་ཡིན་མུས་སུ་རུང་གནས་རིམ་འོག་མ་ནས་ཀྱང་སྒྲིག་གསལ་ལྟར་འཚང་སྙན་འབུལ་ཆོག་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ནམ་གོང་འཁོད་ཡིག་ཆ་འབུལ་འབྱོར་བྱུང་རིགས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན། འཚང་སྙན་དུས་ཐོག་འབྱོར་རིགས་རྣམས་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༣ ཟླ་ ༡ ཚེས་ ༡༠ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra, (H.P)
Tel: 01892-226240
Telefax: 01892-222328
E-mail: [email protected]