༢༠༡༣ ཟླ་ ༡ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༡ དང་ ༢༢ ཉིན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ལྡི་ལིར་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་ཟབ་སྦྱོང་དང་གྲོས་བསྡུར་ནང་མཉམ་ཞུགས་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་ ༢༠ ཉིན་བཀའ་བློན་རྡ་ས་ནས་ལྡི་ལིར་ཕེབས་འཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༡ དང་ ༢༢ ཉིན་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་ཟབ་སྦྱོང་དང་གྲོས་བསྡུར་ནང་མཉམ་ཞུགས་གནང་རྒྱུ། དེ་བཞིན་ཕྱི་ཚེས་ ༢༣ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས། །