༢༠༡༣ ཟླ་ ༡ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་ག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ནས་བཟུང་ལོ་གཅིག་ཡུན་ཅན་གྱི་ཟློས་གར་དགེ་རྒན་འོས་སྦྱོང་ཞིག་བོད་གཞུང་ཟློས་གར་ཚོགས་པར་གོ་སྒྲིག་ཞུ་གཏན་འཁེལ་དོན་ལྟར།བོད་ཀྱི་ཟློས་གར་དང་རོལ་དབྱངས་ལ་དོ་དབྱིངས་ཡོད་པའི་འོས་སྦྱོང་བ་སློབ་ཕྲུག་བུ་ ༡༠དང་བུ་མོ་༡༠ བཅས་སྙན་འབུལ་བ་༢༠ལ་གོ་སྐབས་གནང་རྒྱུ་ཡིན་པའི་ཁོངས་ནས།བལ་ཡུལ་དུ་རྟེན་གཞི་བྱས་པའི་བོད་སློབ་ཁག་གི་སློབ་ཕྲུག་བུ་ ༢ དང་བུ་མོ་ ༢ བཅས་ས་མིག ༤ ས་གནས་ཀྱི་བབ་ལ་གཞིགས་ནས་ཟུར་བཅད་གནང་རྒྱུ་ལགས་ན།གཤམ་གསལ་འོས་ཆོས་ཚང་ཞིང་ཞུགས་བློ་ཡོད་པ་རྣམས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༥ འགྱངས་མེད་འབྲེལ་ཡོད་ཡིག་ཆ་ཁག་དང་ལྷན་དུ་སྙན་འབུལ་ཆོག་རྒྱུ།
དགོས་ངེས་ཆ་རྐྱེན།
༡། བོད་སློབ་གང་རུང་ཞིག་ནས་བོད་ཡིག་སློབ་ཚན་ཡོད་པའི་འཛིན་རིམ་བཅུ་པ་ཐོན་པའི་ལག་འཁྱེར་དང་གྲུབ་འབྲས་ཨང་ཤོག
༢། རང་ལོ་༢༧མ་བརྒལ་བའི་སྐྱེས་ཚེས་ལག་འཁྱེར།
༣། བོད་མི་སྐྱབས་བཅོལ་ལག་དེབ་(RC)དང༌།དཔྱ་དེབ་འབུལ་བབ་གཙང་ཕུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།བལ་ཡུལ་དུ་གཏན་སྡོད་བྱེད་མཁན་ཡིན་ཚེ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་ཡི་གེ་མཉམ་སྦྱར་དགོས་རྒྱུ
༤། རང་ཉིད་ཀྱི་འདྲ་པར་ཁ་གསར་གཉིས།
༥། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་དེ་མིན་སྨན་ཁང་ཚད་ལྡན་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་བཅས།
༦། ཕྱི་ལོ་༢༠༡༣ནང་འཛིན་རིམ་བཅུ་པའི་རྒྱུགས་སྤྲོད་གཏོང་མཁན་རྣམས་འཛུལ་ཞུགས་ཆོག་ནའང༌།སློབ་གྲྭའི་སློབ་སྤྱི་ནས་ གྲུབ་འབྲས་འཐོན་རྒྱུ་ཡིན་པའི་རྒྱབ་གཉེར་ངོས་སྦྱོར་རམ་རྒྱུགས་སྤྲོད་ཁང་གི་ལག་འཁྱེར་(Hall Ticket)མཉམ་སྦྱར་དགོས་རྒྱུ་དང༌།དེ་རིགས་ འདེམས་ཐོན་བྱུང་ཚེ་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ངེས་པར་དུ་འཕྲོད་པ་དགོས།
གོང་གསལ་ཡིག་ཆ་ཁག་གི་ངོ་བཤུས་སྟེང་ངོ་འདྲ་ཧེ་བག་མེད་པའི་ས་གནས་འགོ་འཛིན་ནམ།འཛིན་རིམ་བཅུ་པ་ཡན་གྱི་བོད་རིགས་སློབ་སྤྱི།གཞུང་ཞབས་ཟུང་དྲུང་གནས་རིམ་ཡན་གྱི་མཚན་རྟགས་དང་ལས་དམ་ངེས་པར་དུ་འཁོད་དགོས།འོས་ཆོས་ཚང་བ་རྣམས་ཕྱི་ལོ་༢༠༡༣ཟླ་༤ཚེས་༦ཉིན་རྒྱུགས་སྤྲོད་ཀྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ་ཡིན་པས།སྙན་ཞུ་ནང་དོ་བདག་གི་འབྲཻལ་བ་གནང་ཡུལ་ཁ་བྱང་དང༌།གློག་འཕྲིན་ཁ་བྱང༌།ཁ་པར་ཨང་གྲངས་བཅས་གསལ་འཁོད་དགོས་པའི་གསལ་བསྒྲགས་སུ།ཤེས་རིག་ལས་ཁུངས་ནས།ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༢ ལ།
Secretary
Department of Education, CTA
Gangchen Kyishong
Dharamsala-176215
Distt. Kangra, Himachal Pradesh
Ph: 01892-226695, 222572, 222721Fax: 01892- 223481
e-mail: [email protected] website: www.tcewf.org/www.sherig.org