༢༠༡༣ ཟླ་ ༡ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་རྗེས། ཁང་ཁྱིམ་བསྐྱར་གསོ་ཞེས་པའི་ལས་གཞིའི་འོག་རྒྱ་ནག་གཞུང་གིས་མི་མང་གི་ས་ཆ་མང་པོ་གཞུང་བཞེས་བཏང་བར་བརྟེན། ཕྱི་ཟླ་ ༩ ཚེས་ ༡༣ ཉིན་རང་ལོ་ ༦༢ ལ་སོན་པའི་སྐྱེ་རྒུ་མདོ་རྫོང་ཁོངས་ཀྱི་བུད་མེད་པ་སངས་ལྷ་མོ་ལགས་ཀྱིས་ཁོ་མོའི་དེ་སྔ་ཁང་པ་ཡོད་པ་བཤིག་གཏོར་གྱིས་དེ་ལས་རྒྱ་ཆུང་བའི་ས་ཆ་བགོས་འགྲེམས་བྱས་པར་བརྟེན། པེ་ཅིང་དུ་ཞུ་གཏུག་བྱེད་པར་ཕྱིན་རྗེས་པེ་ཅིང་དུ་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་བྱས་ཡོད་འདུག ད་ལྟའི་ཆར་ཁོང་སྨན་ཁང་ནང་ཡོད་འདུག་པ་བཅས།།