༢༠༡༣ ཟླ་ ༡ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢༠ ནས་ ༢༤ བར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་རྗེ་ཆེ་ཚང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་གོང་ཚེས་ ༢༠ ཉིན་བཀའ་བློན་མཆོག་བོད་དགོན་མ་ཇུང་ཀྲི་ལ་བོད་དགོན་དུ་འཚམས་གཟིགས་དང་། ཕྱི་ཚེས་ ༢༡ ཉིན་ལྡི་ལི་ནས་སྡེ་ར་ལྡུན་དུ་གཞུང་འབྲེལ་རླངས་འཁོར་ཐོག་ཕེབས་ཐོན་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༢༢ ཉིན་བརྟན་བཞུགས་གོ་སྒྲིག་དང་། ཕྱི་ཚེས་ ༢༣ ཉིན་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འབུལ་ཡིན་འདུག ཕྱི་ཚེས་ ༢༤ ཉིན་སྡེ་ར་ལྡུན་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་བཅས། །