༢༠༡༣ ཟླ་ ༡ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཤེས་རིག་ལས་ཁུངས་སུ་གཞི་རིམ་འོག་མ་དང་བར་མའི་བོད་ཡིག་སྦྱོང་དེབ་རྩོམ་སྒྲིག་པ་ ༡ དང༌། གཞི་རིམ་འོག་མའི་རྩིས་རིག་སློབ་དེབ་ཀྱིས་གཙོས་དཔེ་དེབ་ཇུས་འགོད་དང་དྲ་རྒྱ་སྟངས་འཛིན་པ་གཅིག་ལྕོགས་ ༡ བཅས་ཀྱི་ལས་གནས་གཉིས་སུ་ལོ་གཉིས་རིང་ཆོད་གན་ལས་བྱེད་འདེམས་སྒྲུག་གནང་འཆར་ཡོད་པས། གཤམ་གསལ་ཆ་རྐྱེན་ཚང་བའི་སྙན་འབུལ་བ་ཚང་མས་རང་ཉིད་ཀྱི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༨ འགྱངས་མེད་འདི་གར་འཚང་སྙན་ཕུལ་འབྱོར་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་ལ་རྣམས་འདི་ནས་འདེམས་སྒྲུག་ཚོགས་ཆུང་ཆེད་འཛུགས་ཀྱིས་འདེམས་རྒྱུགས་གཏོང་རྒྱུ་དང༌། འདེམས་རྒྱུགས་ཀྱི་གྲུབ་འབྲས་ལ་གཞིགས་པའི་གནས་རིམ་དང་ཐོབ་ཐང་གཏན་འབེབས་གནང་རྒྱུ།
དགོས་ངེས་ཆ་རྐྱེན།
༡། འབྲེལ་ཡོད་ལས་རིགས་ཐོག་དམའ་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཐོན་ལག་འཁྱེར།
༢། རང་དབང་དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་འབུལ་འབབ་གཙང་འབུལ་ཟིན་པའི་འདྲ་བཤུས།
༣། ཁྲིམས་མཐུན་དུས་འགྱངས་ཞུས་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༤། ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༥། ད་ལྟ་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར།
༦། རང་ཉིད་ཀྱི་ལོ་རྒྱུས་དང་ཕྱེད་པར་གཅིག ལས་ཀའི་ཉམས་མྱོང་བཅས་ཀྱི་བདེན་དཔང་ཡིག་ཆ།
༧། བོད་ཡིག་ཤེས་ཚད་ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་དགོས།
* རྩོམ་སྒྲིག་པར་ཉུང་མཐར་ལོ་ངོ་གསུམ་རིང་གཞི་རིམ་བར་མའི་སློབ་དགེའི་ལས་དོན་ཉམས་མྱོང་དགོས་པའི་ཐོག
* རྩོམ་སྒྲིག་ལས་དོན་ཐོག་ཀམ་པུ་ཊར་བཀོལ་སྤྱོད་ཚད་ལྡན་ཐུབ་མཁན་རིགས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
* ཇུས་འགོད་དང་དྲ་རྒྱ་སྟངས་འཛིན་པར་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཚན་ཁོངས་སུ་རྩིས་རིག་དགོས་པའི་ཐོག
* ལས་དོན་ཐོག་ཉམས་མྱོང་དང་གྲུབ་འབྲས་ཁུངས་འཕེར་ཡོད་མཁན་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
གོང་གསལ་ཆ་རྐྱེན་དང་འབྲེལ་བའི་བདེན་དཔང་ཡིག་ཆ་ཁག་གི་ཐོག་གཞུང་ཞབས་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན་བཅས་གང་རུང་གི་དག་མཆན་ངེས་པར་འཁོད་དགོས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༣ ཟླ་ ༡ ཚེས་ ༢༥ ལ།།
The Secretary,
Department of Education
CTA, Gangchen Kyishong
Dharamsala – 176215
Distt. Kangra, H.P. India
Tel : 01892 – 222572/ 222721
Email: education@gov.tibet.net
website: www.tcewf.org