༢༠༡༣ ཟླ་ ༡ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ལྷན་ཚོགས་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དང། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་སོ་སོར་བསྐྱར་བཅོས་གནང་བའི་ཁོངས། བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་ཞེས་པ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་(Tibetan Laws & Customs Counsellor) ཞེས་བསྒྱུར་བཅོས་གཏན་འབེབས་གནང་ཟིན་པ་ཡིན་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་རྩོད་པའི་མིང་གཞུང་དེབ་འགོད་ཞུས་ཟིན་པ་རྣམས་ནས་བསྐྱར་བཅོས་ཚིག་བརྗོད་གཞིར་བཟུང་རྩ་འཛིན་ལག་བསྟར་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ ལ།།