༢༠༡༣ ཟླ་ ༡ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ རེས་གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷི་ཧཱར་རྒྱལ་ས་པ་ཊི་ནའི་Jayprakash Narayan གནམ་ཐང་དུ་(Patna) ༸ཞབས་སོར་བདེ་བར་འཁོད་སྐབས་བྷི་ཧཱར་མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་མཆོག་གིས་ (Nitish Kumar) ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་རྒྱ་གར་བྱང་ཕྱོགས་བྷི་ཧཱར་མངའ་སྡེའི་རྒྱལ་ས་པ་ཊི་ནར་རྟེན་གཞི་བྱས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་དྲན་རྟེན་སྐྱེད་མོས་ཚལ་ནང་། དུས་རབས་ ༢༡ ནང་པའི་དགེ་སློང་ཚོར་ཁྲིད་པའི་ལས་འགན། ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་ཚོགས་ཆེན་ (International Buddhist Sangha Seminar on The Role of the Buddhist Sangha in the 21st Century) དེར་༸གོང་ས་མཆོག་ཆིབས་སྒྱུར་བསྐྱང་གཏན་འཁེལ་འདུག ནང་པའི་ཆོས་ཚོགས་དེར་ཐེ་ལན་ཌི་དང་། ཤྲི་རི་ལང་ཀ། ཉི་ཧོང། འབར་མ། རྒྱ་ནག་བཅས་ཀྱི་སྐུ་ཚབ་ ༡༥༠༠ བརྒལ་བས་མཉམ་ཞུགས་གནང་རྒྱུ་ཡིན་འདུག་པ་བཅས།།