༢༠༡༣ ཟླ་ ༡ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་་ལོ་ ༢༠༡༣ ཟླ་ ༡ ཚེས་ ༣ ཉིན་གྱི་ཕྱི་དྲོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་པ་ཊ་ནར་(Patna)རྒྱལ་སྤྱིའི་ནང་པའི་དགེ་འདུན་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་དང་ལྡི་ལིར་གནད་ཡོད་མི་སྣ་ཁག་དང་ལྷན་མཇལ་འཕྲད་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤།༣༠ ཐོག་རྡ་ས་ནས་ཅཀི་བེངྐ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་ལྡི་ལི་ནས་པ་ཊ་ནར་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་ཕྱི་ཚེས་ ༥ ཉིན་པ་ཊ་ནར་རྒྱལ་སྤྱིའི་ནང་པའི་དགེ་འདུན་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ལྷན་ཞུགས་གནང་རྒྱུ། དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༧།༢༥ ཐོག་པ་ཊ་ན་ནས་ལྡི་ལིར་མེ་འཁོར་ནང་ཕེབས་ཐོན་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༥ ནས་ ༨ བར་ལྡི་ལིར་གནད་ཡོད་མི་སྣ་ཁག་དང་ལྷན་མཇལ་འཕྲད་གནང་རྒྱུ་དང་། ཕྱི་ཚེས་ ༩ ཉིན་ལྡི་ལི་ནས་ཅཀི་བེངྐ་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།