༄༅། །འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མེའོ། ཨོ་རི་ས། འབིར། ལ་དྭགས། མན་སྤར། སྦན་ད་ར། སྦེལ་ཀོབ་འཚོ་བྱེད་དང་། མོན་གྷོ་བཅས་ཀྱི་སྨན་ཁང་ནང་སྨན་པའི་ས་མིག་སྟོང་པ་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་སྨན་པའི་ཕྱག་ལས་གནང་བློ་ཡོད་རིགས་ནས་འཚང་སྙན་འབུལ་དགོས།
དགོས་ངེས་ཆ་རྐྱེན།
༡། ཆ་རྐྱེན་གཙོ་བོ་སྨན་པའི་ཤེས་ཚད་ཉུང་མཐར་ (MBBS) ཐོན་པའི་ཐོག་ཉམས་གསོག་ཟིན་པའི་ལག་འཁྱེར་དང་། རྒྱ་གར་སྨན་པའི་ལྷན་ཚོགས་སམ་མངའ་སྡེའི་ལྷན་ཚོཌ་ཀྱི་དེབ་བསྐྱེལ་ལག་འཁྱེར། (Registration Certificate from MCI or State Medical Council)
༢། ད་ལྟ་སྤྱི་སྒེར་སྨན་ཁང་གང་རུང་ནང་ཕྱག་ལས་གནང་མུས་ཡིན་ཚེ། འབྲེལ་ཡོད་ནས་དགག་ཆ་མེད་པའི་ངོས་སྦྱོར་དགོས།
༣། ངོས་འཛིན་ཡོད་པའི་སྨན་ཁང་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་དགོས།
༤། མོ་ནད་དམ་སྐྱེ་གཡོག་ལག་ལེན་མཁས་པའི་སྨན་པ་(Gynecologist/Obstetricians)ལ་དམིགས་བསལ་གོ་སྐབས་ཡོད།
ཐོབ་ཐང་དང་མཐུན་རྐྱེན།
༡། MD/MS སློབ་ཐོན་ལ་ཟླ་རེར་སྒང་ཕོགས་སྒོར་ ༤༤,༢༠༢།༠༠ ཐོབ་རྒྱུ།
༢། MBBS with Diploma སློབ་ཐོན་ལ་ཟླ་རེར་སྒང་ཕོཌ་སྒོར་ ༣༨,༨༩༠།༠༠ ཐོབ་རྒྱུ།
༣། MBBS སློབ་ཐོན་ལ་ཟླ་རེར་སྒང་ཕོཌ་སྒོར་ ༣༣,༥༧༦།༠༠ ཐོབ་རྒྱུ།
༤། BDS སློབ་ཐོན་ལ་ཟླ་རེར་སྒང་ཕོཌ་སྒོར་ ༢༦,༢༨༤།༠༠ ཐོབ་རྒྱུ།
ཨོ་རི་ས། མེའོ། ལ་དྭགས། མན་སྤར། སྦན་ད་ར། བཅས་སུ་མཐའ་མཚམས་དཀའ་ངལ་ཆེ་བའི་ས་བབས་ཀྱི་དམིགས་བསལ་མཐའ་མཚམས་གུན་གསབ་ཟླ་རེར་སྒོར་ ༣༠༠༠ རེ་འཕར་མ་ཐོབ་རྒྱུ།
དེ་མིན་གུང་གསེང་། ལས་ཤག་གམ་ཁང་དོད། སྨན་གྲོན། ཕྲུ་གུའི་སློབ་ཡོན་དོད། གསོག་དངུལ། གཟིགས་གསོལ། བཅས་བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་སྒྲིག་གཞི་དགོངས་དོན་ལྟར་ཐོབ་རྒྱུ།
དགོས་མཁོའི་ཆ་རྐྱེན་དང་ཞུ་སྙན་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༣༠ ཕྱི་དྲོ་ཚོུད་ ༥ གོང་འབུལ་འབྱོར་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་སོ་སོའི་གློག་འཕྲིན་ཁ་བྱང་། Email address, Fax ཞལ་པར་ཨང་གྲངས་གང་ཡོད་ཁ་གསལ་བཀོད་དགོས།
གོང་གསལ་དགོས་མཁོའི་ཆ་རྐྱེན་ཁག་གི་ཡིག་ཆའི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་ཡང་ན་རྒྱ་གར་གཞུང་གི་ Gazetted Officer གང་རུང་གི་དག་མཆན་དང་ལས་དམ་འཁོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༨ ལ།།
༼འཚང་སྙན་འབུལ་ཡུལ།༽
Secretary,
Department of Health, CTA
Gangchen Kyishong
Dharamshala 176215
Distt. Kangra, H.P
Tele: (01892) 223408/223486 Fax: (01892) 222718
Email: [email protected]/[email protected]