༢༠༡༢ ཟླ་ ༡༢ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །འཕྲོད་བསྟེན་ཁྱབ་ཁོངས་ལས་བྱེད་པས་གཙོས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་ནས་ཞབས་ལོ་ ༢༥ འཁོར་བའི་ལས་བྱེད་ཁག་གཅིག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་ཉིན་ལེགས་སྐྱེས་གནང་བའི་ལོ་རྒྱུས་སྙིང་བསྡུས།
༡། སྨན་རྩིས་ཁང་གི་ལས་བྱེད་མགོན་པོ་ལགས།
ཕྱི་ལོ་ ༡༩༨༧ ཟླ་ ༡༡ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་ སྨན་སྦྱོར་ཁང་དུ་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༥ ཟླ་ ༨ ནང་སྨན་རྩིས་ཁང་གི་སྤོས་བཟོའི་ལས་གཞི་དི་ལླིར་སྤོས་པ་དང་སྦྲགས་ཐོག་མར་ དི་ལླི་མ་ཡུར་ཝི་ཧར་དང། དེ་ནས་ཟླ་གྲངས་གསུམ་རྗེས་དིལླི་བོད་སྒར་དུ་ལས་ཞུགས་བྱེད། ཕྱི་ལོ་ ༡༩༩༩ ཟླ་ ༡༡ ནང་སྤོས་བཟོ་ལས་གཞི་རྡ་ས་སྨན་སྦྱོར་ཁང་དུ་ཟླ་སྒྲིལ་སྐབས་སླར་སྨན་སྦྱོར་ཁང་དུ་ལས་བཀོད་གནང་། ཕྱི་ལོ་ ༢༠༠༥ ཟླ་ ༧ ཚེས་ ༢༥ ཉིན་རྡ་ས་སྨན་མཛོད་ལས་བྱེད་དུ་ལས་བཀོད་དང། དེ་ནས་ ༢༠༠༦ ཟླ་ ༦ ཚེས་ ༡ ཉིན་སླར་སྨན་སྦྱོར་ཁང་དུ་གནས་སྤོས་ཐོག་ད་ལྟ་མུ་མཐུད་ལས་འཁུར་གནང་བཞིན་པ།
༢། ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་སྨན་སྤྲོད་དཔལ་ལྡན་མཚམས་གཅོད་ལགས།
ཕྱི་ལོ་ ༡༩༨༦ ཟླ་ ༥ ཚེས་ ༡༤ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། དེ་ནས་ཕྱི་ལོ་ ༡༩༩༥ ཟླ་ ༧ ཚེས་ ༡༠ ཉིན་ལྡི་ལི་ནེ་འཛམ་མུ་ལྡིན་ཡན་ལག་ཏུ་གནས་སྤོས་བཏང། ཕྱི་ལོ་ ༡༩༩༩ ཟླ་ ༩ ཚེས་ ༡ ཉིན་ལྡི་ལི་བོད་སྒར་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་གནང་བཞིན་ཡོད།
༣། སྨན་རྩིས་ཁང་གི་མཚོ་པདྨ་ཡན་ལག་སྨན་ཁང་གི་སྨན་པ་བཤད་གྲུབ་སེང་དགེ་ལགས།
ཕྱི་ལོ་ ༡༩༨༦ ཟླ་ ༡༢ ཚེས་ ༠༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་སྦིར་ཡན་ལག་གི་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འཁུར་ཞུས། ལས་ཞོར་དུ་བོད་ཀྱི་གསོ་བ་རིག་པར་སྦྱང་བརྩོན་བགྱིས་ཏེ་ཡིག་རྒྱུགས་འཕྲོད་པར་བརྟེན་སྨན་རྩིས་ཁང་ནས་ ༢༠༡༡ ཟླ་ ༡༢ ཚེས་ ༠༡ ནས་སྨན་པའི་ལས་གནས་སྤར་གནང་བ་དང་། ཕྱི་ལོ་ ༢༠༡༢ ཚེས་ ༡༠ ནས་མཚོ་པདྨ་ཡན་ལག་སྨན་ཁང་གསར་པའི་སྨན་པར་གནས་སྤོས་བཏང་བ་ནས་བཟུང་མུ་མཐུད་ལས་འཁུར་གནང་བཞིན་པ་བཅས།
༤།སྨན་རྩིས་ཁང་རིག་གཞུང་བསྟི་གནས་ཁང་གད་བསོད་ནམས་སྒྲོལ་དཀར་ལགས།
ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༡ ནས་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་ལ་དྭགས་ཅོག་ལམ་སྨན་ཁང་གི་ཁང་གད་དང་། ཕྱི་ལོ་ ༢༠༠༠ཟླ་༡ཚེས་ ༡ ནས་རིག་གཞུང་བསྟི་གནས་ཁང་དུ་གནས་སྤོས་ཀྱིས་ད་ལྟ་མུ་མཐུད་རིག་གཞུང་བསྟི་གནས་ཁང་གི་ཁང་གད་ལས་འཁུར་ཞུ་བཞིན་པ་བཅས།
ཀ་སྦུག་ཡན་ལག་སྨན་ཁང་གི་རྩིས་པ་ཚེ་བརྟན་ཆོས་སྐྱིད་ལགས་ནས་ ༡༩༨༧ ཟླ་ ༡༢ ཚེས ༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱི་ཀ་སྦུག་ཡན་ལག་སྨན་ཁང་གི་སྨན་ཁང་གི་སྨན་སྤྲོད་རྩིས་པ་གཅིག་ལྕོགས་ཀྱི་ལས་འཁུར་དང་། སྐབས་ཐོག་རྩིས་པའི་ལས་འཁུར་གནང་མུས་བཅས།།
༥།མན་སྤར་འཕྲོད་བསྟེན་སྨན་ཁང་འཕྲོད་ལས་པ་ཟླ་བ་ཆོས་སྒྲོན་ལགས།
ཕྱི་ལོ་ ༡༩༨༦ ནས་ཞབས་ཞུ་འགོ་འཛུགས་ཞུས། ཁོ་མོ་ཤིམ་ལ་བརྟན་སློབ་ནས་འཛིན་རིམ་དགུ་པ་མཐོན་རྗེས་དབུས་འཕྲོདབསྟེན་ནས་འཕྲོད་ལས་པའི་ཐོགས་འདེམ་སྒྲུག་གི་སྡ་ས་བདེ་ལེགས་སྨན་ཁང་དུ་ཟླ་དྲུག་འཕྲོད་ལས་པའི་སྦྱོང་བརྡར་གྱིས་ཏེ་བདེ་ལེགས་སྨན་ཁང་དུ་ཟླ་བ་གཅིག་རིང་དང་བླངས་ཐོག་ལས་འཁུར་ཞུས། ༡༩༨༦ ལོ་ནས་ལས་འགན་འདྲ་མིན་ཐོགས་འགན་འཁུར་བཞུས་དེའང་ཕྱི་ལོ་ ༡༩༩༦ ནས་ ༢༠༠༠ བར་འགན་ལས་ཚབ་ཀྱི་འགན་འཁུར་ཞུས་དེ་ནས་སྨན་པ་ལོ་གཉིས་རིང་གླ་མེད་གུང་སེང་ཕེབས་པ་དེའི་རིང་སྐྱར་དུ་འགན་འཛིན་ལས་ཚབ་དང་དེ་ནས་དབུས་འཕྲོད་བསྟེན་ལྷན་ཁང་ནས་ཟབ་སྦྱོང་གང་མང་གནང་བ་དེའི་ཕན་རླབས་ཀྱིས་མི་མང་ལ་འཕྲོད་བསྟེན་ཡར་རྒྱས་གཏོང་ཆོག་འཐད་འཕྲོད་བསྟེན་སློབ་སྟོན་གང་མང་ཕུལ་མུས་དང་ད་ཆ་ཁོ་མོ་ས་སྨན་ཁང་གི་དངུལ་གཉེན་འགན་འཁུར་གནང་བའི་ཐོག་གཉན་རིག་དུག་འགན་འཁུར་ཞུ་མུས་ཡིན་པ་བཅས།
༦། ཚེ་རིང་ལྷ་མོ་ལགས།
ཕྱི་ལོ་ ༡༩༨༧ ཟླ་ ༥ ཚེས་ ༡ ཉིན་ཀོ་ལེ་གྷལ་དོན་ལྡན་གླིང་ཝེན་ཐེལ་སྨན་ཁང་དུ་ལས་དྲུང་གི་གནས་རིམ་ཐོག་དངུལ་གཉེར་གྱི་ཕྱག་ལས་གནང། ཕྱི་ལོ་ ༡༩༩༣ ལོར་འཕྲོད་བསྟེན་ལས་ཁུངས་ནས་སྨན་ཁང་དེ་རང་གི་རྩིས་པར་བསྐོ་བཞག་སྩལ་རྗེས་ཕྱི་ལོ་ ༢༠༠༩ བར་རྩིས་པའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༩ ལོར་བྷེལ་ཀོབ་མཚོ་རྗེ་ཁང་གསར་སྨན་ཁང་དུ་གནས་སྤོས་ཀྱིས་ལས་དྲུང་དང་དངུལ་གཉེར་གཅིག་ལྕོགས་ཀྱི་ལས་འགན་ཐོག་ད་བར་ཕྱག་ལས་གནང་མུས་ཡིན།