༢༠༡༢ ཟླ་ ༡༢ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཡིག་དྲ་རྒྱའི་རྣམ་པ་གསར་པ་འགོ་འཛུགས་གནང་ཡོད། ཐེངས་འདིའི་བོད་ཡིག་དྲ་རྒྱའི་རྣམ་པ་གསར་པ་དེར་ཁྱད་ཆོས་ཁག་གཅིག་ཡོད་པ་རྣམས་གཤམ་གསལ།
༡༽ལག་ཐོག་ཁ་པར་ (Mobile) དང་གློག་བྱང་ tablets གློག་བརྙན་རལ་ཡོལ་ཆུང་བ་ smaller screens སོགས་ཀྱི་ཐོག་གཟིགས་བདེ་ཡོད་པ།
༢༽ ད་བར་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་འདྲ་པར་དང་ལོ་རྒྱུས་གོ་རིམ་ལྡན་པ།
༣༽ཕྱི་དྲིལ་ལས་ཁུངས་ཀྱིས་འགྲེམས་སྤེལ་བྱས་པའི་དུས་དེབ་དང་དཔེ་དེབ་ཁག་དེབ་སྣོད་ཐོག་ཕྱོགས་བསྒྲིགས་ཞུས་ཡོད་པར་བརྟེན། དྲ་ཐོག་ནས་ལྟ་ཀློག་བྱ་བདེ་ཡོད་པ།
༤༽ གནས་ཚུལ་ཁག་གཟིགས་བདེའི་ཆེད་མཐུན་འགྱུར་ཡར་རྒྱས་བཏང་བ།
༥༽ ཕྱི་དྲིལ་དྲ་བརྙན་ཚན་པའི་བརྙན་འཕྲིན་རྣམས་གཟིགས་ཐུབ་པ།
༦༽ འདྲ་པར་གནས་ཚུལ་ལྡན་པའི་ཚན་པ་འཕར་མ་ཡོད་པ།
༧༽ སྤྱི་ཚོགས་དྲ་བ་གཟིགས་རྒྱུའི་ཁ་བྱང་འཐུས་སྒོ་ཚང་བ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་ཡོད་པ་བཅས།།