༄༅། །དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭའི་ནང་གཤམ་གསལ་དགེ་རྒན་ཁག་དགོས་མཁོ་ཡོད་ན་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ཚོའི་དགོས་མཁོའི་ལག་འཁྱེར་ཡིག་ཆའི་ངོ་བཤུས་དང་སྦྲགས་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ འགྱངས་མེད་འཚང་སྙན་འགེངས་ཤོག་ཤེས་རིག་དྲ་རྒྱ(www.sherig.org)ནང་ཡོད་པ་ལྟར་འགེངས་འབུལ་ཞུ་དགོས། ད་ལྟ་དབུས་བོད་སློབ་སློབ་གྲ་ཁག་ནང་ཆོད་གན་ཐོག་ཕྱག་ལས་གནང་བཞིན་པའི་དགེ་རྒན་རྣམས་ཀྱང་ཕྱག་ལས་མུ་མཐུད་གནང་འདུན་ཡོད་ཚེ་འཚང་སྙན་ངེས་འབུལ་ཞུ་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ཕྱི་ལོ་ ༢༠༡༣ ཟླ་༡ བདུན་ཕྲག་བཞི་པའི་ནང་ངག་རྒྱུགས་ལམ་ནས་འདེམས་སྒྲུག་བྱས་ཏེ་དབུས་བོད་སློབ་འཛིན་ཚོགས་ནས་ལོ་གཅིག་རིང་ཆོད་གན་ཐོག་བསྐོ་གཞག་གནང་རྒྱུ་དང༌། དེའི་རྗེས་འདས་པའི་ཕྱག་ལས་གནང་སྟངས་ལ་གཞིགས་ནས་ལོ་རེ་བཞིན་ཕར་འགྱངས་ཀྱིས་ལོ་གསུམ་ནས་ལྔ་བར་བསྐོ་གཞག་མུ་མཐུད་གནང་གཏན་འཁེལ་ཡོད།
ཨང༌། | གནས་རིམ། | ས་མིག་གྲངས། | ཉུང་མཐའི་ལོ་ཚད། | ཟླ་རེའི་ཕྱོགས་བསྡོམས་གླ་ཕོགས། |
༡། | གཞི་རིམ་བར་མའི་བོད་ཡིག་དགེ་རྒན།(TGT Tibetan) | ༢ | ༣༥ མ་བརྒལ་བ། | སྒོར་༢༠༠༠༠ |
༢། | ཟློས་དགེ(Music and Dance Teacher) | ༥ | ༣༠ མ་བརྒལ་བ། | སྒོར་ ༡༤༨༠༠ |
༣། | ཆོས་དགེ(Cultural and Spiritual Teacher) | ༡༠ | ༣༠ ནས་ ༤༥ བར། | སྒོར་ ༡༤༨༠༠ |
༤། | གཞི་རིམ་འོག་མའི་དགེ་རྒན།(Primary Teacher) | ༢༨ | ༣༠ མ་བརྒལ་བ། | སྒོར་ ༡༤༨༠༠ |
ཟུར་བརྗོད། ཆོས་དགེ་ས་མིག་གཅིག་བོན་གཞིས་དོ་ལན་ཇི་ཉིན་སློབ་ཆེད་དུ་ཡིན།
དགོས་མཁོའི་ཡིག་ཆ་ཁག
༡༽ ཤེས་ཚད་སོགས་ཀྱི་ཆ་རྐྱེན་ཁག་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་(www.sherig.org)ལ་གཟིགས་ནས་དགེ་རྒན་གནས་རིམ་སོ་སོའི་ཤེས་ཚད་ལག་འཁྱེར་ཁག་གི་ངོ་བཤུས།
༢༽ ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ བར་འབུལ་འབབ་གཙང་ཕུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༣༽ ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ བར་དུས་འགྱངས་ཞུས་པའི་བོད་མིའི་སྐྱབས་བཅོལ་ལག་འཁྱེར་གྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༤༽ ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
༥༽ ད་ལྟ་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཐོག་རང་གཞུང་ལས་ཁུངས་གང་རུང་གི་ཟུང་དྲུང་ཡན་དང༌། ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་གིས་ངོ་བཤུས་ཡིག་ཆ་ཁག་དངོས་བདེན་ཡིན་པའི་དག་མཆན་ངེས་པར་དུ་འཁོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས ༢༡ ལ།
SECRETARY
Department of Education
CTA, Gangchen Kyishong
Dharamsala- 176215 (H.P)
India
Fax: 01892-223481
Tel: 01892-222572/222721
Email: [email protected]
Website: www.tcewf.org